R169: རྗེ་བླ་མ་རྡོ་རྗེ་འཆང་ཆེན་པོ་གཞོན་ནུ་བློ་གྲོས་ཞབས་ཀྱི་རྣམ་ཐར་ཐེག་མཆོག་ཆོས་ཀྱི་གཎྜིའི་སྒྲ་དབྱངས།

  • Pagination (Witness A): ༣༧༢
[A:༣༧༢]དང་བཅས་བཀྲ་ཤིས་ཆོས་སྡེ་རང་དུ་འབྱོར་པའི་བཀའ་ངག་ལ། བདག་ཆེན་དོ་རྗེ་འཆང་གི་སློབ་བཤད་མཐའ་དག་ལ་དེང་སང་ས་སྐྱ་པའི་བསྟན་འཛིན་གྲགས་ཆེ་ཆུང་མང་པོར་བརྟག་དཔྱད་བྱས་དུས། དེ་ནས་མཁན་རིན་པོ་ཆེ་ལ་བཞུགས་རྒྱ་ཆེ་ཞིང༌། དེར་ཡང་གྲྭ་ཚང་གསར་འཛུགས་ཀྱི་ལེགས་ཚོགས་ཀྱི་སྐབས་ཡིན་འདུག་པ་དང༌། ངེད་རང་ཡང་རང་ལུགས་ལ་ཐུན་མོང་དུ་གྲགས་པའི་མདོ་སྔགས་ཀྱི་འཆད་ཉན་རྣམས་བློ་ཁ་གང་བར་བྱས། བདག་ཆེན་རྒྱ་གར་ཤེས་རབ་རྒྱལ་མཚན་དཔལ་བཟང་པོའི་བཀའ་བབས་རྣམས་ཆོས་ཀྱི་རྒྱལ་པོ་སྔགས་འཆང་ཆེན་པོ་ལས་ཐོབ། ཞལ་སྔ་ནས་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་བཀའ་བབས་ཀྱི་ཆོས་སྐོར་རྣམས་ཞུ་མ་ཐུབ་ཅིང་དེར་ཞུ་བ་འོས་པའི་དག་སྣང་ཤར་བས་འདོད་ཆོས་རྣམས་རྫོགས་པ་ཞིག་དང༌། ཁྱད་པར་གུར་མགོན་གྱི་ཆོས་སྐོར་གསན་ཡིག་ཞིབ་པ་ཞིག་ད་ལམ་བསྲིང་བ་དང་གང་ཅིའི་གསལ་ཕེབས་ཐུགས་ཡུལ་ལ་བཞུགས་དགོས་གསུང་བ་ཕེབས་པའི་ཞུ་ལན་མཆོད་རམ་པའི་མདུན་དུ་འཕྲལ་གནང་ལ་ཞབས་དྲུང་ནས་དགོངས་པ་དེ་བཞིན་བདག་གིས་རིན་པོ་ཆེ་ཚར་པའི་དྲུང་དུ་ཆོས་སྐོར་དེ་རྣམས་ཐོབ་རུང་དབང་ཁྲིད་རྣམས་ནི་སྤྱིར་ཡང་རྡོ་རྗེ་འཆང་ལ་ཡར་འབུལ་ཞུ་མི་ནུས་ཤིང༌། ཁྱད་པར་ལུང་རྣམས་མིག་ཚག་ན་མི་བདེ་བའི་སྐྱོན་གྱིས་འབུལ་དཀའ་བར་འདུག་པས་དགོངས་མི་ཁྲེལ་བ་མཁྱེན་ཅིང༌། དོན་འདི་ལས་མ་འདས་ཕྱིན་ཐོབ་ཡིག་ཀྱང་ཕུལ་རུང་དོན་ཆུང་བས་མི་འབུལ། བདག་གིས་དཔེ་ཆ་རྣམས་མ་འཁྱར་བར་ཡོད་པ་ཕྱག་ཏུ་འབུལ། ཞུ་ལེན་ཡང་དེ་མཐུན་དུ་འབུལ་ཕེབས་པར། ཁོང་གིས་མཁན་ཆེན་རིན་པོ་ཆེའི་དྲུང་དུ་འཕྲལ་ཕུལ་གྱི་ཞུ་རིགས་སུ་བཀའ་ཆོས་འབུལ་བ་མ་གནང་ན་