[A:༢༧༢]བ་བཞིན་གསལ་བ་དང༌། ཉམས་དེའི་ངང་ནས་བུག་སྒོ་ལ་ཐོན་ཐུབ་པ་སྙམ་བྱེད་པ་འདུག་གསུང༌། བླ་མས་སྐབས་རེ་བུག་སྒོའི་འགྲམ་དུ་ཕེབས་ནས་གསུང་མཇལ་ཙམ་གྱི་ཉམས་སྐྱེ་ཚུལ་འདྲི་བ་མཛད། དེ་གོང་སྤྱན་ཅུང་ཟད་སྙེལ་ཡོང་བ་ཞིག་ཡོད་པ་ལ། མུན་མཚམས་ཀྱི་བྱད་ཆིངས་སྐབས། སྤྱན་ཆབ་མང་པོ་ཟགས་པའི་སྒོམ་དྲེགས་ཆག་པའི་ཞག་བདུན་པའི་ཐོ་རངས་ཁ་གཟིགས་སྣང་ལ་མདུན་གྱི་ནམ་མཁར་ལྷའི་ཆ་བྱད་ཅན་གཉིས་ཀྱིས་རིན་པོ་ཆེ་ལས་གྲུབ་པའི་ཁྲི་ཁྲུ་གང་ཙམ་ཞིག་བསྐྱལ་བྱུང༌། དེའི་སྟེང་དུ་རིན་པོ་ཆེ་སྟོང་ར་བ་ཉིད་ས་ཞུ་བཞེས་པ། ཕྱག་ན་རྡོར་དྲིལ་བསྣམས་པའི་སྐུ་ཚད་ཁྲུ་གང་ཙམ་ཞིག་སྐུ་ཁྱེལ་མཛད་ནས་བཞུགས་ཕྱག་གི་རྡོ་རྗེ་སྤྱན་ལ་བྱུགས་པས་དྲང་སིམ་པ་ཞིག་བྱུང་བའི་ཐུགས་ཉམས་ལ་སང་དེ་ནས་སྤྱན་གྱི་སྙུན་ཟུག་དང་སྤྱན་ཆབ་ཡོང་འཕྲོ་ཆད་པ་ཞིག་བྱུང༌། དངོས་གཞི་མུན་མཚམས་བདུན་ཕྲག་གཉིས་པ་ལ་སྔར་བཞིན་བྱད་ཆིངས་དྲག་ཏུ་གཅུན་པས་ཉམས་མང་པོ་ཤར་བའི་འཕར་གཡོ་དང༌། ཧ་འདོན་སོགས་བྱུང་རྒྱལ་དུ་སྐྱོངས་གསུང་བའི་ཞལ་ཁྲིད་བཞིན་བསྐྱངས་པས་ཉམས་འཕར་བའི་ཚེ་ཧ་འདོན་མཛད་པས་ཕྱག་ཕྱི་མཚམས་ལ་ཡོད་པ་འགའ་ཤས་ཀྱང་དགེ་སྦྱོར་འཕེལ་བ་བྱུང༌། མཚམས་མ་བསྡམས་པའི་སྲི་ཞུ་བ་འགའ་ཟུང་ཡོད་པའི་རྒན་པ་དགེ་སློང་དཔལ་འབྱོར་ཟེར་བ་རི་བོ་དགའ་ལྡན་པའི་གནས་བརྟན་ཡིན་པ་ཅིག་གིས་ཐུགས་དམ་ངོ་མ་ཤེས་པར་ཧ་འདོན་གནང་བ་ཐོས་འཕྲལ་སྐུ་བསེར་མ་ལངས་འདུག་ཆང་ཏིག་ཙམ་ཞིག་ཚོལ་ཤོག་ཟེར། དཔོན་སློབ་རྣམས་འཁྲིད་ལོ་ལེགས་པར་བྱུང་བས་རིན་པོ་ཆེ་སྟོང་ར་བ་ཡང་