R169: རྗེ་བླ་མ་རྡོ་རྗེ་འཆང་ཆེན་པོ་གཞོན་ནུ་བློ་གྲོས་ཞབས་ཀྱི་རྣམ་ཐར་ཐེག་མཆོག་ཆོས་ཀྱི་གཎྜིའི་སྒྲ་དབྱངས།

  • Pagination (Witness A): ༢༧༡
[A:༢༧༡]དང་བཅས་ཏེ། གུས་པས་བསྟེན་པའི་མོད་ལ། ཐོག་མར་དཔལ་དུས་ཀྱི་འཁོར་ལོའི་སྨིན་བྱེད་ཀྱི་ཆོ་ག་ཡོངས་སུ་རྫོགས་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་པའི་ལས་ཐིག་དང༌། ཚོན་གྱི་འབྲི་བའི་འདུ་བྱེད་ཀྱང་ཡོལ་བས་ཕྱག་དར་མ་མཛད་པས་ཤིན་ཏུ་སྤུས་གཙང་བ་བྱུང་བས་རྡོ་རྗེ་སློབ་དཔོན་ཆེན་པོ་ཤིན་ཏུ་མཉེས་པར་གྱུར། དེ་ནས་ཞི་བ་ཞེས་པ་ས་མོ་བྱའི་ལོ་ནག་པ་ཟླ་བའི་དཀར་ཕྱོགས་ཀྱི་སྟོང་པ་གསུམ་པའི་ཚེ་སློབ་མ་ལྷག་གནས་ཀྱི་ཆོ་ག་དང༌། རྫོགས་པ་གསུམ་པའི་ཉ་ལ་བབ་པའི་ཚེ་བྱིས་པ་ལྟར་འཇུག་པའི་དབང་བདུན། དབང་གོང་མ་བཞིའི་ཐུན་མོང་མ་ཡིན་པ་བདག་པོ་ཆེན་པོའི་དབང་དང་བཅས་པས་སྨིན་པར་མཛད་ནས་གནས་དེ་ཉིད་དུ་ཟབ་ལམ་མཐར་ཐུག་རྣལ་འབྱོར་ཡན་ལག་དྲུག་གི་དོན་འཁྲིད་གསན་པའི་ཚེ་སྔོན་འགྲོ་རྣམས་ལ་བསགས་སྦྱངས་ཀྱི་རྟགས་ཁྱད་པར་ཅན་དང༌། དངོས་གཞི་མུན་མཚམས་དམ་པོ་ལ་མི་གཡོ་སུམ་ལྡན་གྱི་བྱད་བཅིངས་དང་བཅས་སོར་སྡུད་ཀྱི་དམིགས་པ་ཞག་ལྔ་ཙམ་སོང༌། རྟོག་མེད་འོད་ལ་སྲིད་འདས་ཀྱི་གཟུགས་མཐའ་ཡས་པའི་གཟིགས་སྣང་མུན་ནང་དུ་ཤའི་མིག་ལ་མངོན་སུམ་དུ་སྣང་བའི་དབྱིབས། རིལ་བ་ལྟ་བུ་དང༌། རལ་གྲི་རྩེ་གསུམ་སོགས་ཕྱག་མཚན་འོད་ཟེར་འཕྲོ་བ་སྡིག་པ་རྭ་ཅན་གྱི་དབྱིབས། དུང་དཀར་སྒྲ་དང་བཅས་ཏེ་མགོ་བོ་གྱེན་དུ་བསྟན་པ་ཞིག་སྐུ་མཁྲིས་ཀྱི་གཡས་ཕྱོགས་ནས་ཐོན་ནམ་མཁའ་ལ་གཡོན་ཕྱོགས་སུ་བསྐོར་ཏེ་ཐིམ་འགྲོ་བ་གཟིགས། མུན་མཚམས་བསྡམས་པའི་གསེང་བུག་པ་ཕྲ་མོ་ཡུངས་འབྲུ་ཙམ་ཞིག་ཡོད་པ་ལ་ཆེད་དུ་དམིགས་པའི་ལྟ་སྟངས་ཀྱི་མཉམ་པར་བཞག་པས་བུག་པ་དེ་ཇེ་ཆེ་ལ་དཀར་ཁུང་གི་རྣམ་པར་སོང་སྟེ་མུན་ཁང་གི་ནང་ཐམས་ཅད་ཉི་མ་ཤར་