[A:༢༨༥]དོར་ནས་ནཱ་རོ་མཁའ་སྤྱོད་ཀྱི་ཟབ་ལམ་རིམ་པ་གཉིས་ཀྱི་རྣལ་འབྱོར་ལ་རྩེ་གཅིག་གི་བསྙེན་སྒྲུབ་ལ་རྟགས་མཚན་གསལ་བ་ཞིག་མ་བྱུང་བར་སྐུ་མཚམས་ལ་བཞུགས་ཏེ་བུག་སྒཽ་འདག་སྦྱར་ལ་བཞུགས་པའི་དམ་བཅའི་ཐུགས་འདུན་ནར་མར་ཡོད་པས། བླ་མ་དམ་པའི་སྙན་དུའང་བདག་རྣལ་འབྱོར་མའི་བསྒྲུབ་པ་ལ་རྩེ་གཅིག་ཏུ་བསྒྲིམ་པར་ཞུ་ཞུས་པའི་ལན་དུ་རྗེ་ཚར་པས་སླབ་སྟོན་གནང་བའི་དེ་ལ་མ་ཐུས་པ་མི་འདུག་ནའང༌། གདུལ་བྱ་བསམ་པའི་བྱེ་བྲག་མཐའ་ཡས་པའི་དོན་དུ་ལམ་ཟབ་ཅིང་རྒྱ་ཆེ་བ་རྣམས་མི་ནུབ་པ་དང༌། རང་ཉིད་ཀྱང་ལམ་གྱི་གཞི་ཆེན་པོ་མི་ཉམས་པའི་ཕྱིར་དུ་རྣལ་འབྱོར་དབང་ཕྱུག་བིརྺ་པ་ནས་དིང་སང་གི་བར་དུ་རྟོགས་པ་དང་དོན་དང་ཚིག་གི་ཆུ་བོ་མ་ཉམས་པ་ལམ་དུས་ཀྱི་དབང་གི་ཆུ་བོ་མ་ནུས་པ། ལམ་དུས་ཀྱི་དབང་ཟབ་མོ་ཐུན་བཞི་ལ་སོགས་པ་ཇི་ལྟར་རིགས་པ་ཉམས་ལེན་གནང་དགོས་ཤིང༌། འཕྲིན་ལས་ཀྱི་ལྷ་རྡོ་རྗེ་ནག་པོ་ཆེན་པོ་གུར་ཞལ་གྱི་ཆོས་སྐོར། བདག་ཆེན་བློ་གྲོས་པའི་ཞལ་སྔ་ནས་ལམ་འབྲས་ལས་ཀྱང་མགོན་པོ་ཟབ་ཅིང་རྒྱ་ཆེ་ལ་ཁད་ཡིན་གསུང་པས་འདི་རྣམས་ཀྱི་ཟབ་ཁྲིད་ལ་བླ་མས་བཤད། སློབ་མས་བསྒོམས་པ་ཞིག་གིས་ཁྱབ་པར་འདུག །ཕྱི་རོལ་དུ་བསྟན་པ་འཛིན་པའི་ཆ་ལག །སྤྲོས་པའི་རྣམ་པར་སྣང་བ་རྣམས་ཀྱང་ངེས་པར་དགོས་པས་ཐོག་མར་དབྱངས་རྣམས་ངེས་པོ་གཅོད་པ་གལ་ཆེ། སྔོན་ལོ་ཆེན་རིན་བཟང་རྒྱ་གར་དུ་བགྲོད་པའི་དཀའ་བ་དང་བཅས་ཏེ། འདི་དག་ལ་འབད་པས་དངོས་གྲུབ་བརྙེས་ཤིང༌། གདམས་པ་རྒྱ་མཚོ་བོད་དུ་བསྒྱུར་བ་ཡིན། ད་ལྟ་རང་རེ་ཚོ་ལ་དེའི་དཀའ་སྤྱད་ཙམ་མི་དགོས་པར་འཕྲལ་འཕྲལ་ལག་ཏུ་