R169: རྗེ་བླ་མ་རྡོ་རྗེ་འཆང་ཆེན་པོ་གཞོན་ནུ་བློ་གྲོས་ཞབས་ཀྱི་རྣམ་ཐར་ཐེག་མཆོག་ཆོས་ཀྱི་གཎྜིའི་སྒྲ་དབྱངས།

  • Pagination (Witness A): ༢༩༨
[A:༢༩༨]བ་རེ་ཙམ་ཡོད་པ། རྗེ་དྲུང་མཁྱེན་བརྩེའི་དབང་ཕྱུག་ལ་གསན་པ་གནང་བས་ཐུས་པ་ཡོད་པས། དེ་ལ་ཁྱེད་རྣམ་པས་བརྒྱུད་པ་གཞན་གྱི་ལག་ལེན་དང་མ་འདྲེས་པར་སྐྱོང་བའི་ཐུགས་རྟོག་ཞིབ་པ་གལ་ཆེ་གསུང་བ་དང༌། ཆོས་དང་ཟང་ཟིང་གི་རྫོང་བ་ལེགས་པར་མཛད། སྐུ་དྲུང་རང་ནས་ཕེབས་གདོང་དུ་བླ་མ་དམ་པའི་བཀའ་ལས། མ་འོངས་པ་ན་ཉིད་ཡར་ཀླུངས་པ་སེང་གེ་རྒྱལ་མཚན་གྱི་ཚབ་མ་མཛད་དོ་ཨང་གསུང་བ་ཞིག་གནང་བྱུང་བས་མངའ་གསོལ་དུ་འདུག །དེའི་སང་ཉིན་ཞ་ལུ་རི་ཕུག་གི་ཡང་དགོན་ནས་ཕྱགས་བཏེག །དཔོན་སློབ་བརྒྱད་ཙམ་ཡོད་པ་པ་རྣམ་བརྒྱུད། འཁོར་སྟོད་ཀྱི་ལ་ནས་ཞུ་འབྲོག་ཐིལ་སོགས་ལ་བྱས། རིམ་གྱིས་རོང་བྱམས་ཆེན་དང་ངུར་སྨྲིག་གི་རྗེ་བཙུན་མ་མཇལ། རོང་ཆེན་ལ་བརྒྱུད་ནས་རང་གནས་རིན་ཅེན་གླིང་དུ་ཐོག་མར་ཕེབས། དགོན་པར་གྲ་སློབ་དང་སྦྱིན་བདག་ཆེ་ཕྲ་ཐམས་ཅད་ཀྱིས་སྣ་ལེན་བཀུར་སྟི་ཞུས། སྙུག་ལ་ལྷུན་རབ་རྣམས་སུ་ཡང་སྤྱན་འདྲེན་དང༌། གཞིས་ལེན་ཞུས་ཡོལ་དུ་ཕྱག་དྲུག་པའི་བསྐང་གསོ་ལ་དག་སྦྱོར་དང༌། གསོ་རན་སླར་མི་ཉམས་པའི་བཀའ་ནན་དང་དཔྱིད་སོས་སྐུ་མཚམས་ངོས་བསྐང་གསོ་བརྒྱ་རྩ་དང༌། མགོན་གཡག་གི་ཟུངས་འཛུགས་པའི་ཆོ་ག་མཛད་པས། སྔ་དུས་རི་གོང་དུ་མགོན་གཡག་ལ་མོས་པ་ཙམ་གཏད་ནས་ཕུལ་བ། ཡུལ་མི་ངན་པ་ཁ་ཤས་ཀྱིས་བརྐུས་ནས་བསད་པ་རེ་རེ་ཙམ་བྱུང་བ་ལ་ཡང་རིམས་ནད་དང་མི་ཤིས་པ་ཡོང་གི་ཡོད་རུང༌། ཟུངས་འཛུགས་ཆོ་ག་གནང་བ་ནས་བཟུང༌། ལྷག་པར་ཆོ་འཕྲུལ་ཆེར་སོང། སྒེར་དུ་དཔོན་སློབ་ལ་མི་གུས་པ་དང༌། དམ་ཚིག་ཉམས་པའི་མི་ཆེ་ཕྲ་བཞིན་གྱིས་ར་མགོན་གཡག་ཁ་གཏད་ནས་