R169: རྗེ་བླ་མ་རྡོ་རྗེ་འཆང་ཆེན་པོ་གཞོན་ནུ་བློ་གྲོས་ཞབས་ཀྱི་རྣམ་ཐར་ཐེག་མཆོག་ཆོས་ཀྱི་གཎྜིའི་སྒྲ་དབྱངས།

  • Pagination (Witness A): ༢༩༩
[A:༢༩༩]བབས་པ་བྱུང་ན་འགྱངས་མེད་དུ་རྨེག་མེད་པར་འཇོམས་པའི་ནུས་པ་སྟོན་པ་དང༌། ཟུངས་གསོ་གནང་བར་བཞེད་པ་ན། རེས་འགའ་རྒྱང་རིང་པོ་ན་ཡོད་ཀྱང་འགུགས་མི་དགོས་པར་མགོན་ཁང་འཁྲིས་སུ་བསྙེགས་ཡོང་བ་སོགས་ངོ་མཚར་བ་མང་དུ་བྱུང༌། དེ་ནས་རིན་ཆེན་གླིང་གི་དགོན་ཁྲོད་དང༌། ཡོལ་ཕུ་གང་འཐད་དུ་སྒྲུབ་སྡེ་འཛུགས་པའི་ཐུགས་འདུན་གནང༌། གྲྭ་པ་འོས་པ་བཅོ་བརྒྱད་ཙམ་རབ་བྱུང་བསྒྲུབས། ས་སྐྱ་པའི་སྒྲུབ་བརྒྱུད་འཛིན་པ་ཁའུ་སྐྱེད་ལྷས་པའི་ལུགས་ཀྱི་འཕྲལ་གྱི་ཁ་ཏོན་ཆོས་སྤྱོད་དང༌། བསྐང་གསོ་གཏོར་སྒྲུབ་གཏོར་བཟློག་རྣམས་ཀྱི་གྲ་བཙུགས། གྲ་པ་གསར་བཙུགས་རྣམས་ཀྱི་ལྷོ་མོན་དུ་གསོད་སྙོམས་ལ་ཕྱིན་པས། ནོམ་པ་བཟང་པོ་སེང་ལྡེང་གི་གཎྜི་གཉིས་དང་བཅས་པ་བྱུང༌། ཐོན་སྙེ་ནས་ཡར་ཀླུངས་ཕྱིན་གྱི་སྡེ་དཔོན་ཆེ་ཕྲ་རྣམས་ཀྱི་སར་མཐུན་རྐྱེན་བསྐུལ་བའི་གྲ་བཏེག་པས་འབུལ་ནོད་ལེགས་པར་བྱུང་བའི་ཕུད་ཀྱིས་བསྒྲུབས་པའི་ཡང་བསྐུར་སྤོབ་རྩེ་གཅིག་དང་སྐུ་ཆོས་ངུར་སྨྲིག་ལེགས་པ་ཞིག་རྗེ་ཚར་ཆེན་དྲུང་དུ་འབུལ་བར་དབུ་མཛད་བཀྲ་ཤིས་བློ་གྲོས་གྲོགས་མཆེད་རྣམས་མངགས་ནས་གནང་བས། རྗེ་ཚར་ཆེན་འདར་གྲང་མོ་ཆེར་བཞུགས་ཐོག་འབུལ་ཐུབ། དགྱེས་པའི་བརྡ་ལན་དུ་ཞལ་བཞི་པའི་ཤོག་དྲིལ་གྱི་མན་ངག་ཉི་ཤུ་རྩ་གཅིག་གནང༌། གཞན་ཡང་བླ་མ་རང་གི་ཐུགས་དམ་བསྙེན་ཕུར་ཡང་སྩལ། དེ་རེས་སྙན་འབུལ་གྱི་གཙོ་བོར་ནི་གུ་ཆོས་དྲུག་སོགས་སླར་ཡང་ཟབ་ཆོས་དུ་མ་གསོལ་འདེབས་མཛད། ཞུ་བར་ཅི་མྱུར་ཕེབས་ཆོག་པ་དགོས་ཞེས་ཞུ་བ་གནང་བའི་ལན་གྱི་བཀའ་ཕེབས་སུ། ད་ལོ་ཚོ་འདི་ཕྱོགས་སྐྱ་ནམས་མི་ལེགས་པ་དང༌། རྒྱུ་མཚན་དུ་མའི་