[A:༣༠༡]ཕུག་རྣམས་ལ་བརྟེན། རིན་པོ་ཆེའི་གཟིམས་ལྕོག་སེ་ཁྲོད་ཀྱི་གུང་བརྩིགས་ངོས་གྲུ་བཞི་ཆུང་ངེ་བ་ཅིག་འདུག་པའི་ནང་དུ་ཕུག །མདུན་གྱི་སྤང་གཤོངས་སུ་གཡོས་ཁང་གི་གུར་ཞིག་ཕུབ་ནས་རྡོ་གསོག་མཛད་གོང་གི་རི་ངོས་ཞིག་ཏུ་བྲུས་པས་ཆུ་ཐོན་ཏེ་གཟིམས་ཁང་གི་ཨར་པོའི་སར་འདྲེན་ཐུབ། དེ་དུས་རྡོ་བཟོ་ཤིང་བཟོ་སོགས་ལ་ཞལ་བཀོད་གནང་བར་གྲུབ་ཆེན་ཨའི་སེང་གེའི་བཞུགས་གནས་ཀྱི་ཤུལ་གང་ཡོད་འདི་ལས་རྒྱ་ཆེར་མ་བཏང་བའི་རང་ཤོང་ཞིག་ལ་འོག་ཏུ་ཁང་གཡོག་ཡོད་ཙམ་གྱི་ཆུང་ཆུང་ཞིག་ལས་མི་བྱེད་གསུང་བ་ཕེབས་པར། བཟོ་རིགས་པ་རྣམས་ཀྱིས་ཀྱང་དེ་ལས་འཁྲོལ་ཆེ་ཙམ་མ་གནང་ན་མི་ལེགས་ཞུ་བ་དང༌། དུས་དེར་རྗེ་བཙུན་ཀུན་དགའ་གྲོལ་མཆོག་སྙུག་ལར་ཕེབས། བཞུགས་ཡུན་རིང་བ་གནང་སྐབས་ཀྱི་ཐོག་མར་མཇལ་ཁ་ལ་ཕེབས་དུས། སྡེ་པ་དཔོན་བློན་རྡོ་རྗེ་འཕྲེང་བའི་དབང་བཀའ་ཞུ་བའི་ཁུལ་འདུག་པས། རྗེ་བཙུན་རིན་པོ་ཆེར་དབང་བཀའ་ཚུགས་ན་གསན་པར་ཕེབས་ཆོག་པ་དགོས་པའི་སྙན་འདེབས་གནང་བར། དེ་བཞིན་དུ་ཞལ་གྱིས་བཞེས་པ་གནང་བྱུང་བ་ལྟར་ཡང་དགོན་དུ་རྡོ་གསོག་གི་སྒང་ལ་རྡོ་རྗེ་འཕྲེང་བ་ཚུགས་གྲབས་ཀྱི་རྗེ་བཙུན་དམ་པས་ཀ་དྲུག་ཤོད་དུ། ཡོལ་ནས་རྗེའི་དྲུང་དུ་དབང་བཀའ་དགོས་པ་ཡོད་པས་གདན་འདྲེན་ཞིག་ཐོང་གསུང་བའི་བཀའ་ཕེབས་ན་ཡང༌། ཀ་དྲུག་ཤོད་ནས་ཞུ་འཕྲོད་འགྱངས། ཡང་དགོན་དུ་མ་གསན་པས་ཕེབས་མ་བྱུང་བར། ཀ་དྲུག་ཤོད་ནས་དབང་ཀའི་ཞབས་བསྐུལ་ཞུས་རུང༌། ཆོས་རྗེ་མ་བྱོན་པར་མི་ཡོང་གསུང་བ་ཕེབས་པས། ཀ་དྲུག་ཤོད་ནས་ཡོལ་ཕུར་ཞུ་འཕྲོད་མྱུར་ཙམ་ཕུལ། ཡང་དགོན་ནས་ཀྱང་འཕྲལ་དུ་ཕེབས། རྗེ་བཙུན་རིན་པོ་