[A:༣༠༢]ཆེའི་དྲུང་དུ་མཇལ་དུས། ཡང་དགོན་གྱི་ཨར་པོའི་བཀའ་འཕྲོས་བྱུང་བས། རྗེའི་བཀའ་ལས། གཟིམས་ཁང་དེ་འཁྲོལ་ཆུང་སྐྱོན་ཡོང་བས། ད་ལྟ་ཆུང་ཆུང་དེ་ཡིད་འཛིན་མདོག་ཁ་པོ་ཞིག་ཡོང་གི་འདུག་སྟེ། བེད་སྤྱོད་པའི་སྐབས་ཤིག་ཏུ་ཁུལ་དོག་པའི་སྐྱོན་རང་ཡོང་བས་གཟིམས་ཁང་དེ་ཁུལ་ཡོད་ཙམ་ཞིག་དང༌། བྱང་གི་མཐའ་ངོས་དེར་མཆོད་ཁང་ཆུང་ངུ་ཞིག་ཏུ་བརྒྱུད་པ་རིན་ཆེན་སྣ་བདུན་གྱི་སྐུ་ཆུང་ངེ་བ་སྤུས་གཙང་པོ་གྲ་མཉམ་ཞིག་ལ་དཀར་མེ་དང་མཆོད་པ་བཟང་པོ་ཡོད་པ་ཞིག་མཛོད། གཞན་བྱེད་མཁན་མི་འདུག་པས་ཉིད་ཀྱིས་ཤངས་པ་བཀའ་བརྒྱུད་པའི་བསྟན་པ་ལ་གསོ་རན་འཛིན་སྐྱོང་ཧུར་ཐེག་མཛོད་གསུང་བའི་བསླབ་སྟོན་ཀྱང་བྱུང་བས། ད་ལྟའི་གཟིམས་སྤྱིལ་འདི་ཅུང་ཟད་བསྐྱེད་ནས་ཨར་པོ་ཟམ་མ་ཆད་པ་བཙུགས། ཆོས་རྗེ་རིན་པོ་ཆེ་ནས། རྗེ་དམ་པའི་དྲུང་དུ་ཆོས་ཞུ་བ་དགེ་བའི་བཤེས་གཉེན་མང་པོ་དང་ལྷན་ཅིག །དབང་རྡོར་འཕྲེང༌། ནཻ་གུ་ཆོས་དྲུག །ཞེན་པ་བཞི་བྲལ་སོགས་ཆོས་འཁོར་མང་དུ་བསྐོར་བ་གསན་བཞེས་ལ་ཟླ་བ་གསུམ་ཙམ་བཞུགས། དེ་དུས་བཀའ་གདམས་གླེགས་བམ་གྱི་ལུང་ཞིག་གནང་བར་ཡོལ་བླ་བྲང་ན་ཕྱག་དཔེ་ཡོད་པས་ལེན་དགོས་གསུང་བ་ལ་པར་མ་ཞིག་ཡོད་པ་ཕུལ་བས། འདི་མིན་པའི་བྲིས་མ་ཞིག་ཡོད་གསུང་བ་ཡོལ་ནས་དཔོན་སློབ་རང་ལ་ཐུགས་རྒྱུས་མེད་པས། མ་རྙེད་པའི་ཞུ་བ་ཕུལ་པས་སླར་བཀའ་ལས། ངེས་པ་ཡོད་ད་དུང་ཡང་འདུག་པས་ཚོལ་གསུང་བ་བཞིན་ཞིབ་པར་བཙལ་བས་རྙེད་རྗེའི་ཕྱག་ཏུ་ཕུལ་བས་འོ་འདི་ཡིན་གསུང༌། སྔར་ཡོལ་བླ་བྲང་དུ་ཕེབས་མྱོང་བ་མིན་པས་གསུང་དེ་ཡ་མཚན་བྱུང༌། བླ་མ་དེ་ལ་འབུལ་ནོད་བསྙེན་བཀུར་མཛད། དེ་ནས་ཡང་དགོན་དུ་ཨར་པོའི་འཕྲོས་ལ་ཕེབས་