R169: རྗེ་བླ་མ་རྡོ་རྗེ་འཆང་ཆེན་པོ་གཞོན་ནུ་བློ་གྲོས་ཞབས་ཀྱི་རྣམ་ཐར་ཐེག་མཆོག་ཆོས་ཀྱི་གཎྜིའི་སྒྲ་དབྱངས།

  • Pagination (Witness A): ༣༠༣
[A:༣༠༣]པས། བསམས་ཀྱི་ཆོས་གཞིས་པ་དང༌། ཡོན་བདག་མང་པོས་དགའ་སྟོན་ཞུ་བ་དང་བཅས་པའི་ངང་ནས། གཟིམས་ཁང་དངོས་གཞི་ཟླ་བ་དྲུག་གི་ཁོངས་སུ་གྲུབ། ཞལ་བ་ཤིང་རྩི་ཡང་མཐར་ཕྱིན་པའི་འཚམས། ནུབ་ཅིག་མནལ་ལམ་དུ་རྗེ་ཚར་ཆེན་ཕེབས་ཀྱི་ཡོད་ཟེར་གཟིགས་པས། ཆིབས་བཟང་པོ་ལ་རྗེ་བླ་མ་དེ་ཉིད་ཆིབས། འཁོར་དུ་མ་དང་བཅས་ཕེབས་བྱུང་བ་ལ། བྱིན་རླབས་ཞུ་བ་གནང་གཟིམས་སྤྱིལ་དུ་རབ་གནས་ལ་ཕེབས་དགོས་པའི་ཞུ་བ་ཕུལ་བས། ད་རབ་གནས་ལ་ཡོང་ཐུབ་པ་མི་འདུག་གསུང་ཞིང༌། ཕྱོགས་གཞན་ཞིག་ཏུ་ཐེགས་སོང་བས་ཤིན་ཏུ་ཐུགས་སྐྱོ་ཞིང༌། སྤྱན་ཆབ་མང་པོ་བསིལ་བ་ཞིག་བྱུང་བས་མནལ་སད་དུས་ཀྱང་སྤྱན་ཆབ་མང་པོ་ཕེབས་འདུག །ཐུགས་ཀྱང་མ་བདེ་བ་རང་ཞིག་བྱུང༌། གྲ་པ་རྣམས་ལས་གཞུག་གི་ས་རྡོ་བཞིན་སེལ་གྱི་ཡོད་པས་ནུབ་ཅིག་ཁད་ཉེ་སར་སྲིན་བྱའི་སྐད་དྲག་པོ་བྱུང་བའི་སང་ཉིན། རྗེ་ཚར་པ་གཞན་དོན་ལ་གཤེགས་པའི་གཏམ་སྐྱེལ་བར་འདར་ནས་དྲུང་ཆེན་བཟང་པོ་པ་འབྱོར། ཞག་གཉིས་བཞུགས་ནས་པ་ར་ཕྱོགས་ལ་བཞུད། དེ་འཕྲལ་འདར་དུ་མང་སྐོལ་དང༌། གདུང་འབུལ་ལ་དབུ་མཛད་དང༌། ཀུན་གྲགས་པ་རྫོང་བ་གནང༌། འདིར་མཆོད་བཤོམས་བཟང་པོ་བཤམས་དཔོན་སློབ་ཐམས་ཅད་ཀྱི་བླ་མ་མཆོད་ཆོག་དང་བཅས་པའི་གསོལ་འདེབས་ཡུན་རིང་བ་མཛད། རྗེས་སོར་ཟླ་རེ་བཞིན་བཅོ་ལྔ་མཆོད་པ་ལ་དཀར་མེ་ཞལ་ཟས་བརྒྱ་ཕྲག་མང་པོའི་ཕྲེང་བས་རྒྱས་པར་བཀང༌། རྗེ་གཞོན་ནུ་བློ་གྲོས་ཉིད་ལམ་ཟབ་བླ་མའི་རྣལ་འབྱོར་ཐུན་ཁ་ཤས་རེ་ངེས་པར་གནང༌། བོད་མཁར་རིན་པོ་ཆེ་ཡང་དེ་དང་ཉེ་བར་ཡོལ་ཕྱོགས་སུ་ཕེབས། རིན་ཅེན་གླིང་དང་ཡང་དགོན་དུ་ཞལ་བརྒྱས་པར་ཡུན་