[A:༣༡༡]འཇུག་པའི་སྒོ། ས་སྐྱ་པཎྜི་ཏས་མཛད་པའི་ཐུབ་པ་དགོངས་གསལ་གྱི་ལུང་རྣམས་དང༌། རྡོ་རྗེ་འཇིགས་བྱེད་ཀྱི་དབང་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ནས་གནང་བའི་སྟ་གོན་གྱི་ནུབ་ཞབས་དྲུང་གདུང་བརྒྱུད་ཀྱི་མནལ་ལམ་དུ་སློབ་དཔོན་པདྨ་ཕེབས་ཀྱི་ཡོད་ཟེར། མི་ཐམས་ཅད་བྲེལ་ཚུབ་བྱེད་པའི་ངང་ནས་རྩེ་ཚོམས་ཆེན་གྱི་ཐོག་ཆགས་ནས་ཚུར་ཚེས་བཅུའི་སྐབས་ཀྱི་པདྨ་འབྱུང་གནས་ཀྱི་ཆས་ཞུགས་སྤྲད་པའི་མི་བོངས་རིང་ཞིང༌། མི་སྡུག་པའི་རྣམ་པ་ཞུད་ཡོད་པ་ཅིག་བྱུང༌། དབང་གནང་སའི་གཟིམས་ཁང་སྒོ་ལ་འཚངས་པས་ཇི་ལྟར་བྱས་ཀྱང་མཐར་བས་སྐྱེངས་པའི་ཚུལ་དུ་ཕྱི་འགྲོས་ལ་སོང་བའི་ངང་ནས་སྣ་ལ་མཛུབ་མོས་ཏོག་ཅིང་འདུག་པ་ཅིག་བྱུང་བས། རྒྱ་འདྲེས་བར་ཆད་རེ་ཞིག་མ་ཐུབ་ཀྱང་ཕུགས་གནོད་པ་ཆེ་བར་ཡོད་པ་འདྲ་གསུང༌། ཀྱེ་རྡོར་མན་ངག་ལུགས་ཀྱི་དབང་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་པ་རྒྱས་པ་སྩལ། ནི་གུ་ཆོས་དྲུག་གི་ཁྲིད། ནཱ་རོ་མཁའ་སྤྱོད་ཀྱི་བྱིན་རླབས་དང་འབྲེལ་བར་ཁྲིད་ཞིབ་པ། གུར་མགོན་ཁྲོ་བཅུའི་བྱིན་རླབས་སྔོན་དུ་སོང་བའི་སྲུང་འཁོར་བྲག་རྫོང་མའི་ཁྲིད། ཞལ་བཞི་པ་བསྙེན་དུས། བསྒྲུབ་དུས། ཁྱུང་ཞལ་ཅན། ཕྱག་དྲུག་བ། །དུར་ཁྲོད་བདག་པོ། རྣམ་སྲས་སེར་ཆེན་དང༌། མདུང་དམར་ཅན་སོགས་རྗེས་གནང་མང་པོ། སྒྲོལ་དཀར་གྱི་བྱིན་རླབས་དང་འབྲེལ་བའི་ཚེ་ཁྲིད་ཟླ་བའི་ཆུ་རྒྱུན། ཀུ་རུ་ཀུལླེའི་བྱིན་རླབས་དང༌། ལྷན་སྐྱེས་རོལ་པའི་ལུགས་གཙོ་བོར་སྟོན་པའི་ཀུ་རུ་ཀུལླེའི་ཆོས་སྐོར་གྱི་པོ་ཏིའི་ལུང༌། བདེ་མཆོག་རྒ་ལོ་ལྷ་ལྔའི་དབང༌། ཕྱག་བཞི་པ་བཀའ་མའི་དབང་དང༌། རྗེས་གནང་སོགས་སྔོན་དུ་སོང་བའི་སྲུང་འཁོར་སྐུ་རགས་མ་དང༌། འཁོར་ལོ་བཞི་ཁྲིད། ལྔ་ཁྲིད་