[A:༣༢༡]བཞིན་གྱི་སྐབས་ནས་སྒུག་དགོས་ཤར་ན་བསམ། སྐྱེད་ཚལ་དུ་རྗེ་ཆོས་འཕགས་པའི་དྲུང་དུ་ཕྱིན། ཡང་དགོན་དུ་རྗེ་མཁན་ཆེན་སྐུ་མཚམས་འཕྲོ་འཐུད་ལ་ཕེབས། ལོ་དེ་རྫོགས་ནས་སྐབས་གསེང་དུ་ཟླ་བ་བདུན་པའི་བཅོ་ལྔ་མཆོད་པ་བཟབས་རྒྱས་ཐོག །སྐུ་མཚམས་ཁྲོལ་ཙམ་བྱུང་བསྟུན་བདག་གིས་མཇལ་ཁར་ཕྱིན་མུས་ནས་གསོལ་གདབ་ཞུས་པས་སྨིན་གྲུབ་ཀྱི་ཆོས་བཀའ་མང་བར་ཚུགས་སྐབས་ཟུལ་ཕུ་སློབ་དཔོན་ཡོལ་རམས་པ་དང༌། ཡང་དགོན་དུ་རྒྱུན་བཞུགས་ཀྱི་གྲ་པ་རྣམས་ཕྱོགས་གཅིག་པ་དང༌། ཡོན་བདག་དྲག་ཞན་མང་པོ་ཕྱོགས་གཅིག་པ་ལ། ཀྱེ་རྡོར་ཀྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་རྒྱས་པ་ནཱ་རོ་མཁའ་སྤྱོད་ཀྱི་བྱིན་རླབས། དེའི་བསྐྱེད་རྫོགས་ཟུང་འབྲེལ་གྱི་ཁྲིད་ཞག་ཉེར་ལྔ་ལ་རྫོགས་པ། ཀུ་རུ་ཀུལླེ། རྟ་མགྲིན་སྐྱེར་སྒང་ལུགས། དུར་ཁྲོད་བདག་པོ། གནོད་སྦྱིན་བེག་ཙེ་རྣམས་ཀྱི་རྗེས་གནང༌། སྒྲུབ་སྐོར་ཆ་ཚང་བའི་ལུང༌། གྲ་པ་རྣམས་ལ་རྩ་ལྟུང་འཁྲུལ་སྤོང༌། ཀྱེ་རྡོར་མངོན་དཀྱིལ་མུས་ཆེན་གྱིས་མཛད་པ། གཏོར་ཆོག་དགྲ་ལས་རྣམ་རྒྱལ། རྗེ་ཚར་ཆེན་གྱི་གཏོར་སྒྲུབ་ཐུན་མོང་བའི་ལྷན་ཐབས། ཆོས་སྐྱོང་ཆེ་ཆུང་འཁོར་བཅས་ཀྱི་བསྐང་གསོ་རྒྱས་བསྡུས་སོ་སོ་དང༌། བསྟོད་འབུམ་ཞབས་བཏགས་མ་སོགས་བསྐང་གསོ་སྐོར། མདོས་གཞུང་ལྷན་ཐབས། བདག་ཆེན་རྡོ་རྗེ་འཆང་ནས་རྗེ་ཚར་ཆེན་ཡན་ཆད་ཀྱི་སྐུ་བསྟོད་རྣམ་ཐར་གསོལ་འདེབས། རྗེ་ཚར་པའི་མགུར་འབུམ་རྣམས་ཀྱི་ལུང༌། གདངས་དབྱངས་མང་པོ་སྤོད་པ་གནང༌། ཁོ་བོས་ཁྱད་པར་གྱི་གདམས་པ་འགའ་ཟུང་གསེར་གྱི་མཎྜལ་དང་བཅས་ཏེ་