R169: རྗེ་བླ་མ་རྡོ་རྗེ་འཆང་ཆེན་པོ་གཞོན་ནུ་བློ་གྲོས་ཞབས་ཀྱི་རྣམ་ཐར་ཐེག་མཆོག་ཆོས་ཀྱི་གཎྜིའི་སྒྲ་དབྱངས།

  • Pagination (Witness A): ༣༢༣
[A:༣༢༣]ཐམས་ཅད་རྩིས་སྤྲོད་གནང༌། བདག་གིས་ཀྱང་བཀའ་དང་མི་འགལ་ཙམ་གྱི་བགྱིད་འོས་རྣམས་ཁུངས་མ་སྟོངས་ཙམ་བྱས་པ་ལ། བདག་བླ་བྲང་དུ་མ་སླེབ་ཙམ་ནས། ཡོལ་རིན་པོ་ཆེ་སྐུ་གཞོན་པའི་དྲུང་སྨན་བུར་ཅིག་མ་འཕྲོད་པའི་སྐུ་བསྙེལ་བབས་ལྕི་ཙམ་ཡོད་འདུག་པ་ཕྱིར་ལོད་པའི་སྤྲེལ་ལོ་ཟླ་བ་གཉིས་པའི་མཇུག་ཏུ་སྐུ་མ་འཚོ་བའི་དགོངས་རྫོགས་གྲོལ་སྟོན་གྱི་གྲལ་དབུ་ལ་རྗེ་མཁན་ཆེན་སྐོར་གཅིག་ཕེབས་ནས་སླར་ཡང་ཁྱི་ལོའི་དབྱར་སྨད་ཚུན་ཐུགས་དམ་བཅད་རྒྱ་རང་ལ་བཞུགས་པ་གནང༌། ཁྱི་ལོའི་གཤམ་དུ་ཡང་རྩེ་དཔོན་བློན་དྲུང་དུ་བཀའ་ཆོས་སྐུ་རིམ་ལ་ཕེབས་བཞུགས་ཟླ་ཤས་དང༌། དོལ་མངོན། ལོ་མོ་ཚོར་ཡང་སྐོར་ཙམ་ཕེབས། སླར་ཡང་དགོན་དུ་ཤར་རྒྱག་སུ་ལ་ཡང་སྔ་འཕྲོས་མེད་པར་ཕེབས་གྲུབ་འདུག་པས། སྙུག་ལ་རིན་ཅེན་གླིང་རྣམས་ནས་རྗེ་མཁན་ཆེན་སྐུ་མདུན་དུ་མཇལ་ཁ་ཇ་ཞུས་སོགས་ལ་སོ་སོ་ནས་བསྙེགས་ཏེ། བྱིན་རླབས་བཀའ་བགྲོས་ཞུ་བ་རྣམས་གྲུབ་འཚམས། བཅད་རྒྱ་ཤིན་ཏུ་དམ་པའི་ཁོག་ནས། དཔལ་མགོན་ཞལ་གྱི་ལྗགས་བསྙེན་གསང་ཁྲིད་ལ་བརྟེན་པ། མེ་ཕག་གི་ལོ་འགོ་ཆོ་འཕྲུལ་གྱི་དུས་ཆེན་གྲོལ་འཚམས་ནས། ཨཥྟཱའི་ལྗགས་བསྙེན་རྒྱས་པ་ཟླ་བ་བརྒྱད་གནང་བ་གྲོལ་ནས་སྟོན་གཞུག་བཅད་རྒྱ་གྲོལ་ཙམ་གནང་སྐབས། ཐོག་མར་ཁོ་བོས་བཞུགས་གདན་གསར་པ་ཞིག༌། དངུལ་གར་བླུག་ལས་གྲུབ་པའི་སྒྲོལ་དཀར་གྱི་སྐུ། བྱུ་རུའི་སྡོང་པོ་གཅིག་རྣམས་རྟེན་འབྱུང་གི་འབུལ་ཆ་མཚོན་བྱེད་དུ་ཁྱེར་ནས་ཞབས་དྲུང་དུ་མཇལ་བར་ཕྱིན། ཕྱི་མཚམས་ཁོག་ཏུ་ཕྱགས་ཕྱིར་ཟླ་བ་གཅིག་ཙམ་བསྡད། ལྗགས་བསྙེན་ཁ་སྐོང༌།