R169: རྗེ་བླ་མ་རྡོ་རྗེ་འཆང་ཆེན་པོ་གཞོན་ནུ་བློ་གྲོས་ཞབས་ཀྱི་རྣམ་ཐར་ཐེག་མཆོག་ཆོས་ཀྱི་གཎྜིའི་སྒྲ་དབྱངས།

  • Pagination (Witness A): ༣༢༤
[A:༣༢༤] ཀྱེ་རྡོར་གྱི་སྦྱིན་སྲེག་གནང་བའི་ཐབ་ཐིག་དང་རི་མོ་མཆོད་གཡོག་རྣམས་དྭགས་ཐོན་པར་ཞུས། དེ་དུས་ཚ་རགས་ཕུར་སོག་པོའི་རྟ་པ་བརྒྱུགས་ཏེ་ཐམས་ཅད་བརྔམས། སྙུག་ལའི་ཕྱག་གཡོག་དྲག་པ་གཅིག་སོགས་མི་འགའ་ཟུང་བསད་པས་ཉེན་པོ་བྱུང་བ་ལ། རང་རེའི་ཁད་ཉེ་སར་ཇི་ལྟར་ཡོང་ཐུགས་དམ་བརྟག་པ་གནང་བས་སྐྱོན་ཅི་ཡང་མི་འབྱུང་བའི་གསལ་ཁ་བྱུང༌། དེ་ནས་ངེད་རང་དཔོན་སློབ་ཐམས་ཅད་ཐུན་མོང་གི་སྐུ་རིམ་དུ། གཏོར་བཟློག་རྒྱས་པ་ཞིག་གནང་བར་ཞུས་པས། རིན་ཅེན་གླིང་གི་བརྟག་གཏོར་བཞུགས་སར་གྲབས་ཤོམས་ལེགས་པར་བྱས། ཡང་དགོན་དུ་སྤྱན་འདྲེན་བཏང་འཕྲལ་ཕེབས། ཐོག་མར་བསྐང་གསོ་བརྒྱ་ཚར་ཞིག་དང་བསྟུན། ལོ་གཏོར་དང༌། རྒྱུན་གཏོར་སྤོ་བ་གནང་དེ་ནས་ཁྲུས་གསོལ་དང་བཅས་པས་རྟག་གཏོར་གསོས། བསྐང་གསོ་དང་གཏོར་བཟློག་རྒྱས་པ་གནང་སྟེ། གཏོར་ཆེན་བསྒྲུལ་བའི་ནུབ། རྩུབ་ལྷོངས་དང་ཟིལ་ཆེན་པོ་བྱུང༌། ཟོར་ཐམས་ཅད་ལན་རེ་ལ་སོང་བ་དང༌། ཟོར་གཏོར་རང་བྱུང་དུ་སོང་སྟེ། ཕྱོགས་མ་ལོག་པར་ལས་ཐུབ་པའི་ལྟས་བྱུང༌། ཁ་ཅིག་ནི་མེ་བརྒྱུགས་ནས་ནམ་མཁར་རྒྱང་རིང་དུ་སོང་བ་མཐོང་བྱུང་ཡང་ཟེར། ཕྱིར་ཕེབས་ནས་ཚོགས་འཁོར་གྱི་གོང་དུ་བཀའ་ལས། དོ་ནུབ་གཏོར་ལྟས་སྔར་དང་མི་འདྲ་བ་བྱུང་ཕེབས་པར། བདག་གིས་ཇི་ལྟར་བྱུང་ཞུས་པས་ཟོར་གཏོར་བཟུང་ནས་དམིགས་པ་གཏད་མཚམས། ཡང་ཆལ་པ་ཞིག་ལ་འཕང་རྒྱུ་མེད་པ་ཇི་ལྟ་བ་བཞིན་སོང་འདུག །གསུང་བ་ལ་ཧ་ལས་ཏེ་རེ་ཞིག་ཅང་ཞུ་མ་སྤོབས། དེ་ནས་ཤིན་ཏུ་ངོ་མཚར་ཆེ་ཞུས། དེ་ནས་བཟུང་ཡུན་རིང་པོའི་བར་རིན་ཅེན་གླིང་དུ་བཀྲ་ཤིས་པར་བྱུང༌། དེ་དུས་ཁོ་བོ་ལ་