R169: རྗེ་བླ་མ་རྡོ་རྗེ་འཆང་ཆེན་པོ་གཞོན་ནུ་བློ་གྲོས་ཞབས་ཀྱི་རྣམ་ཐར་ཐེག་མཆོག་ཆོས་ཀྱི་གཎྜིའི་སྒྲ་དབྱངས།

  • Pagination (Witness A): ༣༢༩
[A:༣༢༩]ཡངས་ཆབ་ལེགས་པ་སོགས་ཀྱིས་དེ་ཁར་རྐང་ཚུགས་པ་གནང་བཞེད་ནས་དཔལ་འབར་དུ་གཟིམས་ཆུང་གསར་བཞེང་ཞིག་གི་དགོངས་པ་གཏད་ཙམ་གྱི་མུ་ལ། རྣམ་དཔྱོད་ཀྱི་བློ་གྲོས་ནམ་མཁའ་ལྟར་ཡངས་ཤིང༌། དཀོན་ཅོག་རིན་པོ་ཆེའི་ཡོན་ཏན་རིག་ནས་མི་ཕྱེད་པའི་དད་པ་ཐོབ་པ། སྡེ་པ་རིན་པོ་ཆེ་དངོས་གྲུབ་རྡོ་རྗེ་དང༌། ཤར་ལྕོག་ནས་དཔོན་ས་རིན་པོ་ཆེ་ཡུམ་སྲས་རྣམས་ཀྱིས་བཀྲ་ཤིས་རྩེ་རྫོང་དུ། མཁན་ཆེན་རྡོ་རྗེ་འཆང་དད་གུས་ཆེན་པོས་གདན་དྲངས་ཏེ། དཔོན་སློབ་འཁོར་དང་བཅས་པ་ལ་ཕུན་སུམ་ཚོགས་པའི་ཡོ་བྱད་ཐམས་ཅད་ཀྱི་བསྙེན་བཀུར་དང་ཕུ་དུད་མཛད། འཕྲལ་གྱི་བར་ཆད་ཞི་བ་དང་ཕྱི་མའི་ལམ་སྣ་འདྲེན་པའི་བཀའ་དབང་རྗེས་གནང་ཟབ་ཆོས་ཀྱི་རིམ་པ་མང་པོ་ཞུས་སྐབས། དཔོན་སའི་དྲུང་ལ་སྒེར་དུ་ནཱ་རོ་མཁའ་སྤྱོད་ཀྱི་བྱིན་རླབས་གནང་དུས་རྫོང་གི་མཐའ་འཇའ་ཚོན་སྣ་ལྔའི་ཁ་དོག་ཚང་བས་ཁོར་ཡུག་གིས་བསྐོར་བ་ཐམས་ཅད་ཀྱིས་གཟིགས་པས། ཕྱོགས་འཛིན་ཕྲག་དོག་ཅན་ཞིག་གི་བློ་བཟོ་བྱས་འདི་ནི་རྫོང་ལ་དམག་གིས་བསྐོར་བའི་ལྟས་ཡིན་ཟེར་ཀྱང༌། དད་པ་དང་ཤེས་ལྡན་དག་ངོ་མཚར་དུ་གྱུར་ཏོ། །དེ་ནས་ཆབ་བཟང་དུས་ཀླུ་ཁང་ཕྱི་མའི་གཟིམས་ཆུང་དགའ་བའི་ཚུལ་དུ་དཀོན་ཅོག་གི་རྟེན་གྱི་དྲུང་དུ་མཆོད་པ་བཟང་པོ་བརྒྱ་ཕྲག་མང་པོ་བཤམས་ཏེ་གསོལ་བ་བཏབ། གྲ་ཚང་གསར་ཚུགས་དང༌། རྩེ་ཚོགས་དགོན་ཕན་ཚུན་རྣམས་ལ་མང་ཇ་འགྱེད་བཅས་དང་སྐུ་རིམ་ལེགས་པར་གནང་བ་དང༌། དུས་མཚུངས་སྤྱན་ལ་འཕྲོད་བསྟེན་གནང་བས་ལེགས་པར་བྱུང་སྟེ། སྐད་ཆ་བཟང་གསལ་ཚོར་བྱུང་བ་དང༌། ཁོ་བོས་ཇ་ཞུས་མཚོན་བྱེད་དང་བཅས་