[A:༣༣༦]པ་བླངས་པ་ཞུ་གསུང་ལས་བགོས་ཀྱི་རྣམ་པ་བྱུང་བས་རྐྱེན་བྱས། མཁྱེན་པའི་སྤྱན་ལྡན་སྡེ་པ་རིན་པོ་ཆེ་ནས་རེ་ཞིག་ལྡོང་མཁར་མགར་ཚང་བ་ཡབ་སྲས་དང༌། དཔོན་ཕུན་ཚོགས་ཕ་བུ་སོགས་ཆ་ཞབས་ཀྱི་ཤིང་བཟོ་རྡོ་བཟོ་ཐམས་ཅད་བསྡུས་པས་ཁ་གྲངས་མང་རབ་ལ་འཛུགས་སྟོན་གྱི་བཞུགས་གྲལ་ཐོག་གནང་སྦྱིན་དང་བཅས་པའི་བསླབ་སྦྱང་ཕན་ཡོན་བསྔགས་པ་དང་བཅས་པ་གནང༌། དེ་རྗེས་པས་སྣ་ནས་རྒྱུན་ཕོགས་བཟང་པོ་མཛད་དེ་མགར་ཚང་ནས་ཀྱིས་ཤིང་བཟོའི་ཁོག་སྒྲིག་མགོ་དཔོན་བསྒྲིག་ཚོམ་ལེགས་ཤིང་རླབས་ཆེ་བ། ཁོ་རང་གི་ཕྱག་བརྐོས་བྲེ་འབེར་རྣམས་ལ་བཟོ་ཁྱད་ཅན་གྱི་ལྷོངས་ལྟ་བས་མི་ངོམས་པ་བཟབས་རི་ཕྱུར་བས་བཟོ་རིགས་པ་སྤྱི་ཁྱབ་ཏུ་བཀོད་པ་འཆར་ལེགས་ཤིང༌། རུང་བ་མཛད། སྡེ་པ་རིན་པོ་ཆེ་ཡབ་སྲས་ཕྱག་ཕྱི་དྲུང་འཁོར་དང་བཅས། གསོལ་ཇ་བཞེས་ཁྲུང་ཟུར་གནང་དང་བསྟུན་པའི་བཟོ་གྲ་རྣམས་སུ་སྐབས་སྦྱར་གཟིགས་རྟོག་དང༌། ཨར་པོའི་སར་ཡང་ཡང་ཞབས་འཆག་ལ་ཕེབས་ཞོར། ལས་མི་ཐམས་ཅད་གསུང་འཇམ་པོས་བསྐུལ་མཁས། རེས་འགའ་སྐུ་རྩེད་སྣ་ཁ་དང་བཅས་པས་ལས་མི་ཐམས་ཅད་སྤྲོ་བ་སྐྱེ་ཞིང་འོལ་ཆེ་བ་བྱུང༌། ཨར་པོ་དང་བཟོ་གྲ་སོ་སོའི་ལས་མཚམས་འོས་བབས་ཞལ་བཀོད་དགོས་པ་རྣམས་སུ་མཆོད་ཡོན་ཞལ་རྒྱས་གཟིགས་རྟོག་ལ་ཕེབས། ཕན་ཚུན་གུང་བསྟུན་པའི་ཞལ་བཀོད་གང་ལེགས་ཀྱི་སྟེང་དུ་གནང་ཐམས་ཅད་སྒོ་གསུམ་དོན་ཡོད་ཀྱི་ལས་ལ་འཁོད་པར་གྱུར། དེའི་གོང་དུ་བསམ་