[A:༣༣༧]སྡིངས་གཟིམས་ཁང་ན་གཟིམས་ཆུང་གསར་བཞེང་འཁྲོལ་ཡོད་ཙམ་ཞིག་གི་ཨར་པོའི་ཁུར་བཀྲ་ཤིས་དར་རྒྱས་པས་བཞེས་གྱི་ཡོད་པ་ཡང་གྲུབ་འདུག་པ་དང༌། སྐུ་རིམ་གྱི་ཐུགས་དམ་རྒྱུན་པ་དང་གསར་འཛུགས་མང་པོ་ལ་མཁན་ཆེན་རྡོ་རྗེ་འཆང་དཔོན་སློབ་བསམ་སྡིངས་དགོན་གསར་དུ་ཕེབས། དེར་ཡང་མྱུར་དུ་ལོ་གཏོར་རྒྱུན་གཏོར་གསར་འཛུགས། སྤྱན་གཟིགས་མཆོད་བཀོད་ལེགས་ཤོམས་མཛད་ནས། ཟླ་བ་སྦྲེལ་མར་དགོངས་ཇ་ཐོག་ནས་སྲོད་ཇ་ཚུན་བསྐང་གསོ་རྒྱས་པ་མ་ཆག་པ་དཔོན་སློབ་མང་དུས་ངེས་མེད་དང༌། ཉུང་དུས་ཀྱང་དྲུག་ལས་མི་ཉུང་བ་མཛད། བསྐང་གསོ་གྲོས་ནས་དཔོན་སློབ་ཐམས་ཅད་ཕྱི་མཚམས་དམ་པ་ཞིག་གི་ཁོངས་སུ། བདག་ལ་དཔལ་གུར་གྱི་མགོན་པོའི་གསང་ཁྲིད་ཞག་བཅོ་བརྒྱད་པ་ཞིབ་ཚུགས་གཞན་ཁྲིད་ཞུ་བ་ཐོགས་ཤས་ལ་ནཱ་རོ་མཁའ་སྤྱོད་ཀྱི་ཁྲིད་གནང་གི་འདུག་པར་ང་ཡང་ཡོངས་ཆོག་པ་དགོས་ཞུས་པས། སྔར་རྒྱས་པ་རང་སོང་ཡོང་ཅིང༌། ཁྲིད་སྣ་གཉིས་ལས་གསང་ཁྲིད་རང་ལ་བསྒྲེལ་བ་ལེགས་པས། ད་རེས་དེ་གའི་དམིགས་ཁྲིད་རང་སྒོམས་ཤིག་གསུང་བ་ལྟར། སྡོད་ས་གཟིམས་ཁང་གི་ཐོག་ཟུར་འགོལ་པོ་ཞིག་ཡོད་པར་ལྕོག་བུ་ཕུབ། ཐུན་ཅི་མང་དང༌། སྲོད་ཐོར་གཉིས་ནན་བསྐྱེད་བསྒོམ། བསྙེན་པའི་དམིགས་པ་ཚུགས་ནས་ཞག་འགའ་ན་སྐུ་མདུན་དུ་ཆོས་ཐུན་ཞུ་བར་ཕྱིན་དུས་མདང་ཞག་རྨི་ལམ་བཞིན་ཅི་བྱུང་ཕེབས་པ་ལ། རེ་ཞིག་བག་ཆགས་ཕྲ་མོ་ལས་མ་བྱུང་བས་དེ་ག་ལྟར་ཞུས། སྐབས་སྦྱར་དྲི་བ་གནང་གི་འདུག་པ་ལ་གང་