R169: རྗེ་བླ་མ་རྡོ་རྗེ་འཆང་ཆེན་པོ་གཞོན་ནུ་བློ་གྲོས་ཞབས་ཀྱི་རྣམ་ཐར་ཐེག་མཆོག་ཆོས་ཀྱི་གཎྜིའི་སྒྲ་དབྱངས།

  • Pagination (Witness A): ༣༣༩
[A:༣༣༩]ལ་གཟན་ལེན་མེ་རྒྱག་བྱུང་དུས། གཙང་ཁང་གི་རྨང་ལ་བྱང་གི་ལྕགས་རི་བཤིག་ཚར་བའི་བཙན་ཆ་ཆུང་བ་དང༌། ནང་འཛིན་ཀྱང་དགེ་ལུགས་ཀྱི་གྲ་ཚང་ཆུང་ངེ་བ་གཅིག །ནང་བཟན་ཡང་མདའ་ཤེས་དྲག་པ་བཅུ་ཟིན་ལས་མེད། འཕྱོང་རྒྱས་པ་དང་སྔ་རབས་ཕྱི་རབས་སུ་གནག་པ་དང༌། བྱང་ཁའི་ཕྱོགས་སྐྱོར་གལ་ཆེ་བ་ཡོད་རུང༌། ཀླུ་ཁང་གོང་མ་འདིར་ངེད་རང་གི་ཞལ་ངོ་གཅིག་གིས་བཞུགས་མྱོང་བས་མ་འཆད་ཟེར། ནན་སྤྲོད་མེད་པར་ཕྱིར་འཐེན་པ་ཡང་བྱིན་རླབས་སུ་གོ །ཨར་པོ་ཡང་ཉི་མ་གསུམ་ཙམ་ལས་མ་ཆག་པར་ནར་མར་བྱས། དེ་དུས་གྲ་པ་སྟོང་ཕྲག་གཅིག་གསོག་ཟེར་བ་འདུག་ཀྱང༌། སུམ་བརྒྱ་ལས་མི་ཉུང་བ་རང་འཛུད་རྩིས་འདུག །སྔར་བསགས་གྲུབ་པ་ལྔ་བཅུ་ཙམ་ཡོད་པ་བསམ་སྡིངས་འདུ་ཁང་དུ་བཅར་བཞུགས་མཛད། གསེར་འཕྱོས་གཉིས་ཀྱི་གྲ་རྒྱུན་རྣམས་ལ་བས་སྣ་ནས་སྡེབས་ཕོགས་སྐབས་སུ་གང་བབས་ལ་བཏབ་པ་དང་བསྟུན་པར་དཔལ་འབར་གྱི་གྲ་ཚབ་རྣམས་ལ་དེ་ཀའི་མཆོད་གཞིས་ཐོག་ནས་ཕོགས་བཏབ་པའི་ནས་རྩིས་གྲ་ཚང་གི་སྤྱི་ལས་པ་དང༌། དཔོན་སློབ་ཀྱི་ཕྱག་གཡོག་དྲག་པ་རེ་རྩེ་འཛོམ་གྱིས་བླངས་བའི་རྔོད་བཏགས་གྲུབ་རྗེས། སྤྱི་བླ་བྲང་སྦྲེལ་ནས་རྒྱུགས་ནར་མ་དང་སྔ་དགོངས་ཐུག་ཚུགས་པར་མཚམས་མེད་པའི་ཚོགས་ལ་ཆོས་སྤྱོད། ཆོས་འདོན། ཟབ་མདོ་སྨོན་ལམ་བསྒྲིགས་ཆགས། དགོངས་མོའི་ཆོས་སྤྱོད་སྐུ་བསྟོད་གཙོ་བོར་བྱས་པའི་འགྲོ་ཆེ་བ་ཉི་མ་མདུང་གང་ཙམ་ནས་མ་བཞུད་ཀྱི་བར་མཛད། ས་སྲིབ་ནས་སྲོད་ཚུན་བཤར་སྦྱང་