[A:༣༤༤]འཛིན་བཀོད་བསླབ་སྟོན་མང་པོ་དུས་གཏོར་དང་སྦྲེལ་བའི་བསྐང་གསོ་འགྲོ་ཆེ་བས་དུས་འདའ་སྐབས་སྦྲུལ་ལོའི་སྣེའུ་སྡོང་ལོ་གསར་དང་སྦྱར། ནོར་བུ་གླིང་དུ་གཏོར་ཆེན་གནང་བ་གྲོལ་འཕྲལ། བསམ་སྡིངས་སུ་ཕེབས་བཞུགས་ཐོག །ཁུ་སྦེ་སློབ་དཔོན་ཀུན་སྤངས་པ་དགའ་གདོང་རིག་པའི་རལ་གྲི་ཡང་སྔ་གོང་འབྲས་ཡུལ་སྐྱེད་ཚལ་གྱི་གྲ་པ་མཛད་དུས། འཆད་ཉན་པ་གཙང་སྟོད་རབ་བརྟན་དཔལ་འབར་གྱིས། རྗེ་མཁན་ཆེན་ལ་གསང་སྔགས་ཀྱི་བདག་པོར་བསྟོད་བསྔགས་བརྗོད་པ་ཡང་གསན། བཀྲ་ཤིས་རྩེར་གྲ་ཚང་ཚུགས་པའི་བསྟན་པ་འཕེལ་རྒྱས་ལ་དགྱེས་སྤྲོ་དང་བཅས་པའི་ཡར་རྒྱབ་ན་བླ་མཆོད་བཞུགས་ཐོག་ནས་ཆེད་གཏད་ཆོས་ཞུ་བ་ལ་ཕེབས། རྗེ་བོད་མཁར་བ་དཔོན་སློབ་ཀྱི་བུ་ཆེན། གྲོ་ས་ནས་ཆོས་རྗེ་བསྟན་པ་རྣམ་རྒྱལ་ཡང༌། སྤྱན་སྔ་རིན་པོ་ཆེ་བྱམས་པའི་མཚན་ཅན་གྱི་བཀས་བསྐུལ་ཏེ། རྗེ་བོད་མཁར་བའི་དགོངས་རྫོགས་སྐུ་སྐལ་གྱི་གྲ་ཚང་དུ་མང་ཇ། རྗེ་མཁན་ཆེན་དྲུང་དུ་འབུལ་ནོད་དངོས་གཙང་ཁ་ཤས་དང་བཅས། སྐུ་དོན་གལ་ཆེ་བ་མང་པོ་ལ་ཆེད་དུ་རྩོལ་ནས་ཕེབས་པའི་ཆོས་རྗེ་རྣམ་གཉིས་དང་གོང་དཀར་རྡོ་རྗེ་གདན་ནས་དགེ་སློང་དོན་གྲུབ་རྣམ་རྒྱལ། གྲང་ཚང་ཁྲོད་ནས་ཁ་ཤས་དང་བཅས་པ་ལ་མགོན་ཁྲིད་བྲག་རྫོང་མ་བསྡུས་པ་ཞིག་ཆོས་རྗེ་བསྟན་རྣམ་པའི་གསན་རྒྱ་ཁ་སྐོངས་སུ་དམིགས་ནས་ཞུས་ངོར། མགོན་པོ་གྱི་ལྗང་ལུགས་ཀྱི་པོ་ཏི། ཁ་སྐོང་པོ་ཏི་ནས་ཐོར་པ། དམར་པོ་སྐོར་གསུམ་གྱི་ཡིག་ཆ་ཁ་ཤས་དང་བཅས་པའི་ལུང་གནང༌། གྲ་ཚང་གི་རགས་བསྡུས་དང༌། ཆོས་རྗེ་རྣམ་གཉིས་གཙོ་བོར་བྱས་པ་ལ། མགོན་དབྱངས་ཞིབ་