R169: རྗེ་བླ་མ་རྡོ་རྗེ་འཆང་ཆེན་པོ་གཞོན་ནུ་བློ་གྲོས་ཞབས་ཀྱི་རྣམ་ཐར་ཐེག་མཆོག་ཆོས་ཀྱི་གཎྜིའི་སྒྲ་དབྱངས།

  • Pagination (Witness A): ༣༤༥
[A:༣༤༥]གཅོད་སྤོང་པའི་གྲ་བསམ་སྡིངས་སུ་ཟླ་གཅིག་ལྷག་ཙམ་སོང་དུས། རྩེ་དཔོན་བློན་ཕྱོགས་སྒྲིལ་སྐྱིད་ཤོད་དུ་དཔུང་ཐོག་ལ་ཐེགས་གདོང་གི་བཀའ་རྗེས་གནང་ཞུ་བར་བསམ་སྡིངས་གྲ་ཚང་དུ་ཕེབས་བྱུང་བར། ཞབས་དྲུང་ལ་ཚེ་རྟ་གནང་དུས་ལྟས་ཅུང་མི་བཟང་བས་མཚན་ཇུས་རྒྱལ་ཁ་མེད་ཙམ་དང༌། སྡེ་པ་ལ་དཔལ་མགོན་ཁྱུང་ཞལ་ཅན་གྱི་རྗེས་གནང་གི་དུས་ཀྱང་བཟང་ལྟས་མིན་ཙམ་ཞིག་བྱུང་བས། སྐྱིད་ཤོད་ལ་ཐེགས་དུས། སྒེར་གྱི་ཕྱག་གཡོག་དང་ཀོང་པོའི་ཟློས་སྐོར་གྱི་རྒྱབ་འབྲས་སྤུངས་བློ་གསལ་གླིང་པས་བྱས། གནང་དཀའ་ཕྲན་བུ་ལས་སྐྱོན་གཞན་མ་བྱུང༌། དེ་ཤུལ་དུ་དཔོན་སློབ་རྣམས་ཀྱི་ཐོག་ཏུ་གྲ་ཚང་གི་ཉུང་རགས། ཕྱོགས་པའི་ཆོས་ཞུ་བ་དང་བཅས་ཉི་ཤུ་རྩ་གྲངས་ཤིག །བས་སྣ་རྫོང་དུ་གདན་དྲངས། དམག་རིམ་གྱི་གཏོར་བཟློག་དགོས་རྒྱུ། གཉེར་པ་དྲག་པ་རྣམས་མེད་པས་མ་ལྕོགས། གཞན་ཞབས་ཏོག་བཟང་པོ་ཞུས། དེར་ཟླ་གཅིག་ལྷག་ཙམ་བཞུགས་རིང༌། སྔ་དྲོ་དབྱངས་ཐུན་དང༌། བཀའ་ཆོས་ཀྱི་ཐུན་རེ་ཆད་མེད་བཏང༌། དེར་ཡང་གཟིམས་ཆུང་ཀ་བཞི་མ་ཡངས་པོ་ཞིག་འདུག་པ་དེར། རྒྱུན་གཏོར་བཟབས་རྒྱས་ཤིག་བཙུགས་ནས། ནུབ་རེ་བཞིན་བསྐང་གསོ་བ་དཔོན་སློབ་ཁྱོན་སྒྲིལ་དུ་གནང་བ། གྲངས་བརྩིས་པས་བརྒྱ་ཚར་དྲུག་ཙམ་སོང༌། རྩེ་དཔོན་བློན་ཡང་སྐྱིད་ཤོད་ནས་ཕྱིར་ཕེབས། དེ་ལོ་དབྱར་སྟོད་ཇ་པ་སྤྲུལ་སྐུ་ངག་དབང་ནོར་བུ་འཕྱོང་རྒྱས་