R17: དཔལ་ལྡན་ས་སྐྱ་པཎྜི་ཏའི་རྣམ་ཐར་གསུང་སྒྲོས་མ།

  • Pagination (Witness A): ༡༡༦
[A:༡༡༦] སྨད་ཚར་གཉིས་གསན། དེ་དུས་ན་མཚུར་ན་རེ་ལྡོག་པ་ཤ་མོང་གི་ཚུལ་བཞིན་དུ་ཡོད་ཟེར་བས། རྒྱ་གར་གྱི་བཤད་ལུགས་རང་འདི་འདྲ་ཞིག་ཡིན་སྙམ་པ་དེ་དུས་རང་ནས་མ་བྱུང་གསུང༌། དེ་ནས་ཆོས་རྗེ་པ་རང་གི་ཡབ་སློབ་དཔོན་གཅུང་བསྙུང་ཟེར་ནས་ཡར་བྱོན་པས་ཁོང་སྐུ་གཤེགས། དེར་རྗེས་ཀྱི་བྱ་བ་མཛད་དགོངས་པས་མཚུར་ལ། བདག་ད་ལོ་བཤད་གསར་བྱེད་པ་ལགས་པས་ཆོས་ཞག་པར་འཐེན་མཛད་པར་ཞུ་ཞེས་ཕྲིན་བསྐུར་བས། སློབ་དཔོན་ཞག་འགའ་མི་བཤད་པར་བཞེད་པས། གྲྭ་པ་ཚོ་མ་ཉན་ཏེ་ཆོས་རྗེ་པ་ལ་སློབ་དཔོན་ཐུགས་ལ་འདོགས་པས། དེ་གྲྭ་པ་ཚོས་མ་ཐེག་ཁྱད་པར་དུ་ཡ་མ་སྟག་ཐེངས་འཇུག །ཁྱོད་ལ་ཇོ་སྲས་ས་སྐྱ་པས་ཆོག་ན་ངེད་ཚོ་འགྱེས་སོ། །ངེད་ཀྱང་དགོས་ན་ཆོས་ཤོད་ཟེར། དེར་ཆོས་བཤད། དེ་ནས་ཆོས་རྗེ་པས་རྣམ་བཞག་གི་ཡོ་བྱད་མང་པོ་བསྣམས་ནས་མར་བྱོན་པས། དབྱར་ཆོས་བར་འཁོར་དུ་བྱུང་སྟེ་དེར་རྣམ་གཞག་རྒྱ་ཆེན་པོ་མཛད། བཀའ་རྒྱས་འབྲིང་བསྡུས་གསུམ་ཕུལ་ནས། སློབ་དཔོན་ན་རེ་ཆོས་དབུ་ནས་བསྐྱར་ནས་བཤད་ཀྱིས་གསུངས་པས། མི་འཚལ་བྱས་ཏེ། སློབ་དཔོན་གྱི་གསུང་ལ་ཡང་བརྟེན་པར། རྣམ་ངེས་དབུ་ནས་གཅིག་བཙུགས། གཞུང་དོན་ནས་གཅིག་བཙུགས་ཏེ་ཉིན་རེ་ལ་ཆོས་ཐུན་གཉིས་གཉིས་བཤད་དེ། ཟླ་བ་གཅིག་ལ་གཞུང་རྣམ་པར་ངེས་པ་ཚར་གཅིག་ཐུགས་ལས་གསུངས་པས་གྲྭ་པ་ཡོད་པ་ཐམས་ཅད་ངོ་མཚར་དུ་འཛིན་པ་བྱུང༌། དེ་ནས་སློབ་དཔོན་དེ་ཉིད་ལས་ཕྱིས་དབུ་མ་རིགས་ཚོགས་ཀྱང་གསན། དེ་ནས་ས་སྐྱར་བྱོན་ནས་ཡབ་ཀྱི་གཤེགས་རྫོང་ལ་སོགས་པ་རྗེས་ཀྱི་བྱ་བ་རྣམས་ཚར་བ་དང༌། རྐྱང་འདུར་དུ་གསེར་མང་བ་ཅིག་གི་སྣ་དྲངས་པའི་འབུལ་བ་སྐྱེལ་དུ་བྱོན་པའི་ལམ་དུ། ཆུ་མིག་རིང་མོར་བླ་མ་ཁ་ཆེ་བ་དང་མཇལ་ཏེ། ཚད་མ་ཆོས་མཆོག་གཅིག་གསུང་གིན་འདུག་པའི་འཕྲོ་ལ་སླེབ་ནས། དེར་འབུལ་བ་རྣམས་གཡོག་པོ་ཚོ་སྐྱེལ་དུ་བཏང་སྟེ། ཆོས་རྗེ་པ་ཆོས་གསན་