R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༤༩༧
[A:༤༩༧]འདར་ཕྱོགས་ལ་འགྲོ་དགོས་པ་ཡོད་པས་གྲོལ་ཆ་ཞུ་བྱས་ཀྱང་སླར་བསྐྱར་མ་གནང་ནས་ད་ལན་ཨུ་ཚུགས་ཡིན་པས་ཅིས་ཀྱང་ཡོང་དགོས་གསུངས། ཉེར་གཅིག་ལ་གསོལ་ཕུར་ཕྱིན་སླེབ་འཕྲལ་ཞལ་ངོ་རྣམས་ལ་ཚེ་བཀའ་ཞིག་ཕུལ། དེའི་ནམ་ཕྱེད་ཙམ་ན་བྱ་གཤོངས་ནས་བང་ཆེན་བྱུང༌། རྗེ་མཁན་སྐུ་ཁམས་ཤིན་ཏུ་བསྙེལ་འདར་དུ་སླེབ་པ་ཡོད་ཟེར་ནས་བང་ཆེན་བཏང་ཀྱང་འདིར་མ་འབྱོར་བ་འདྲ་འཕྲལ་དུ་ཡོང་དགོས་ཟེར་ནས་ཐོ་རངས་སྔ་བར་ཡོངས། གསོལ་ཕུ་ནས་བྱང་སེམས་ཡུམ་དེ་དེ་ལོ་མི་བཞུགས་པའི་སྔ་ལྟས་ཡིན་པ་འདྲ་གཞན་གསོལ་ཕུར་ཐུག་ཕྲད་དང་འཚུབ་དེ་འདྲ་མི་ཡོང་ཡོད། དེ་ནུབ་བྱ་གཤོངས་སུ་བསྡད། ཡར་ལམ་སྦས་སྤྲོ་ལ་བྱས་རྗེ་བཙུན་དྲུང་ཡང་སྐུ་ཁམས་སྐོར་བ་ལ་འབྱོན་གསུང་རྟག་བསྟུན་ཡ་ག་ཆོས་སྡིངས་སུ་བྱོན། སྔ་འཕར་ཞིག་བཏང་བས་ཆོས་རྗེ་པ་སླེབ་ཡོང་ན་དེ་ཀ་བསྒུགས་པ་ཡིན། ད་ངེད་ལ་ཐོགས་མེད་རྡོ་རྗེ་གུར་ཁང་དུ་ཐོགས་པ་མེད་པར་འགྲོ་གསུང༌། ཕྱག་གཡོག་པ་དགེ་སློང་བཟོད་རིན་གྱིས་བླ་མ་རིན་པོ་ཆེ་ལ་རྡོ་རྗེ་གུར་ཁང་དེ་བྱང་ཁང་གསར་པས་ཕུལ་བ་ལགས་སམ་ཞུས་པས་ཁང་གསར་བ་ལ་དེ་འདྲ་འབུལ་བའི་སྤོབས་པ་མེད་གསུང༌། དག་པའི་ཞིང་ཁམས་ཤིག་གི་གཟིགས་སྣང་ཡིན་པ་འདུག །ཟླ་བ་དེའི་ཡར་ངོ་ཚེས་བཅུ་བཞི་བཅོ་ལྔ་སྐོར་ལ་སྐུ་ཤིན་ཏུ་བསྙེལ། བླ་མ་རྣམ་གསུམ་བྱོན་བྱུང་གསུང་བའི་དག་པའི་སྣང་བ་བསམ་གྱིས་མི་ཁྱབ་པ་ཤར། སྐུ་འཁོར་རྣམས་ཀྱི་ཚེས་བཅོ་ལྔ་ལ་ཕེབས་པར་ཐག་བཅད་འདུག །ད་བར་སྐུ་མ་ཐིམ་པ་དེ་ཁོ་བོ་ཅག་ཐུགས་རྗེའི་ལྕགས་ཀྱུའི་དྲངས་ནས་བཞུགས་པར་འདུག རང་བུ་གཅིག་ལྟར་བརྩེའི་བླ་མ་རྗེ། །ཁོང་དག་ཞིང་གཤེགས་ལ་རིངས་ཆས་ཀྱང༌། །བདག་