R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༠༠
[A:༥༠༠]ཕྱག་འབུལ་འབུལ་བ་འདྲ་འབུལ་གྱིན་འདུག །དགེ་སློང་བཟོད་རིན་གྱིས་རྗེ་བཙུན་དྲུང་ཤར་ལ་ཕེབས་པའི་ཕྱག་འབུལ་ཡིན་པར་འདུག་ཞུས་པས་དེ་ག་མཛོད་རྗེ་བཙུན་དྲུང་ཡང་ཕེབས། ངེད་ཀྱང་ད་ལྟ་འགྲོ་ཡོ་གསུང་རང་ནི་ཞལ་སྐུར་ཡིན་ནམ་སྙམ། རྗེ་བཙུན་དྲུང་སྤྱན་ཆབ་མང་པོ་སིལ་བླ་མ་རིན་པོ་ཆེ་ཕེབས་པས་བྱུང་དོགས་མེད། བདག་ཅག་ཡུད་ཙམ་ཕྱིན་ནས་ལོག་ཡོང་ཞུས་པས་ད་ཡར་འགྲོ་མར་འགྲོ་ཞབས་བྲེལ་བ་ལས་མེད་མ་འབྱོན་གསུང༌། བདག་རང་རློན་པོ་ཆུ་ཚན་ལ་ཡོངས་འདིར་ཡང་ཡུད་ཙམ་མཇལ་ཞུ་ཡིན་འདུག་པས། འོ་ན་ཆུ་ཚན་ལ་འབྱོན་ནའང་བྱོན་གསུང་གིན་འདུག །རྗེ་བཙུན་དྲུང་ཐུགས་མ་བདེ་ལོག་གེ་པ་ལ་ཕེབས་སོང༌། དེ་ནས་ངེད་རང་དཔོན་སློབ་བཞུགས་གྲལ་ལ་ཡོད་དུས་ངེད་ལ་སྤྱན་ཆེར་བ་ཞིག་གཟིགས་བླ་ཆེན་གྱི་སྐུ་མདངས་ཀྱི་དགའ་བ་ལ་གསུང། ཅུང་ཟད་ནས་ཆོས་རྗེ་པས་ལོ་བརྒྱད་ཅུ་ལོན་ཨང་གསུང༌། མ་ལོན་ཞུས་ན་རྟེན་འབྲེལ་ལ་གནོད་དམ་བསམ་ད་ལྟ་ནི་དྲུག་ཅུ་ཙམ་ཀ་ཡིན་ལགས་ཞུས་དབུ་གུག་ཙམ་མཛད་ཀྱིན་འདུག །ཕྱིས་མི་རྣམས་ཀྱིས་དེ་ཙམ་ལ་དཔགས་ནས་ཁྱོད་ལ་ལུང་བསྟན་བྱུང་བ་ཡིན་པ་འདུག་ཟེར་བ་ནི་སྒྲོག་ཅིང་འདུག །དེ་ནས་ཉི་མ་དགོངས་ཁྱོག་པ་ལ་རྗེ་དཔོན་བློ་གསལ་བྱུང་ནས་ཚེ་རིང་དྲུང་དཔལ་བྱིན་རླབས་ཤིག་ཞུ་བ་ལ་ཡོང་ཆོག་པ་དགོས་ཟེར་ཞུ་ཡིན་འདུག །འོ་ན་ང་འགྲོ་བ་ལ་མ་ཐོགས་པ་ད་ལྟར་རང་ཤོག་གྱིས་གསུང་གིན་འདུག །ཚེ་རིང་དྲུང་དཔལ་སླེབ་གསོལ་ཇ་ཞུས་འབུལ་བ་འདྲ་བྱེད་ཀྱིན་འདུག །དྲུང་དཔལ་ཀ་གདོང་ན་ཇ་འཐུང་རིང་ཕྱག་ཅུང་ཟད་འདར་བ་ཙམ་འདུག །ཕྱག་གཡོག་པས་སེར་མ་ཡོད་པ་ནི་མིན་ནམ་ཞུ་དབུ་གུག་མཛད་ཀྱིན་འདུག །དེ་ནས་དྲུང་དཔལ་ཇ་ཁང་དུ་བཏང་ངེད་རྣམས་ཀྱིས་ཨ་དཀར་དུད་པ་