R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༠༥
[A:༥༠༥]བསྟར། །གནས་དེར་གཡས་རུ་བྱང་ནས་ཞལ་ངོ་རྣམས་དང༌། སྦྱིན་བདག་ཁག་ཁག་སོ་སོ་རྣམས་དང༌། རྗེ་དབོན་བློ་གསལ་སོགས་སྐུ་ཉེ་རྣམས་དང༌། དྲག་རིགས་དད་པ་རྣམས་ཀྱིས་བསྙེན་ཅིང་བཀུར་བ་དང༌། ཕྱི་ནང་གསང་བའི་མཆོད་སྤྲིན་རྒྱ་ཆེན་པོས་ལེགས་པར་མཉེས་པར་བྱས་པ་ཡིན་ནོ། །དེ་ནས་ཁོ་བོས་བྱ་རྒོད་གཤོངས་སུ་སླེབ། དཔྱིད་ཟླ་གསུམ་པ་ཧོར་ཟླ་བཞི་པའི་ས་ག་ཟླ་བའི་དུས་བཟང་པོ་ལ་ཞོགས་ཆོས་དང་སྔ་ཆོས་མ་ཆག་པ་བྱས། འཇམ་དབྱངས་བླ་མ་མཆོད་པའི་སྤྲིན་ཕུང་འདུས་པའི་ཚོགས་ལ་རྐང་འཐུང་བཏུང་བ་གྱ་ནོམ་པ་དང༌། གསོལ་འདེབས་ཀྱི་ཤིས་བརྗོད་སྨོན་ལམ། གསུང་རབ་ཟབ་མོའི་དོན་ལ་ཚིག་དོན་གྱི་སྒྲོ་འདོགས་གཅོད་པའི་ལུང་དང་རིགས་པའི་འབེལ་བའི་གཏམ་འུར་ཆིལ་ལེ་བ་ཟླ་བ་དེའི་ངོ་གང་ལ་ལེགས་པར་བསྒྲུབས། དེ་ཡང་འདར་ནས་བྱམས་པ་ལགས་ཀྱིས་མང་ཇ། ནས་འབོ། རགས་རྫོང་ནས་ཆོས་རྗེ་བླ་མ་ཐུགས་རྗེ་རྣམ་རྒྱལ་གྱིས་མང་ཇ། ཆོས་རྗེ་སྤེ་རིང་པ་དང༌། ཆོས་རྗེ་དབོན་རམས་པ་དཔལ་ལྡན་གཉིས་ཀྱིས་མང་ཇ་རེ་ཡོང་གསུང་ནའང་དེ་སྟེང་མ་སླེབ། ཉེ་མཁར་ནས་མང་ཇ། གཡེ་སྡེ་པ་ནས་མང་ཇ། མུས་ནས་མང་ཇ། ཉང་སྟོད་ཕྱོགས་ནས་རྩེ་ཆེན་སྡེ་པ་དང༌། གཟིམས་ལགས་ཀྱི་མང་ཇ། སྡེ་པ་སྟག་རྩེ་ནས་མང་ཇ། ཚོང་འདུས་ནས་མང་ཇ། དབང་ལྡན་ནས་དྲུང་ཆེན་དྲུང་གི་མང་ཇ། བླ་བྲང་ནས་མང་ཇ་ཟུང་ནས་འགྱེད་སོགས་ཟུར་ཞུས་མང་ཇ་ཤིན་ཏུ་མང་བ་སོགས་ཆོས་ཐོག་དེ་ལ་དགོང་ཇ་འཆག་མེད། སྐབས་སུ་ཟུང་འབྲེལ་སོགས་གཙང་ཞིང་གྱ་ནོམ་པའི་བསྙེན་བཀུར་ཐོས་བསམ་གྱི་སྒྲོ་འདོགས་གཅོད་པའི་ལེགས་བཤད་ཀྱི་དགའ་སྟོན། བླ་མ་རབ་ཏུ་དགྱེས་པའི་ཐོས་བསམ་གྱི་མཆོད་པའི་སྤྲིན་ཕུང་སྙན་གྲགས་ཀྱི་