R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༠༩
[A:༥༠༩]བྱེད་པ་ཞིག་འདུག་ཀྱང་ཁྱེད་དཔོན་སློབ་རྣམས་མཇལ་དུ་བྱོན་པ་དགའ་མོ་ཡིན་ཟེར། ཁོང་མཐོན་པོའི་མཐའ་ལྟུང་བསགས་པ་འཛད་ཀྱི་དོན། །གཞན་དྲག་ཞན་ཀུན་རང་མལ་ན་མི་འདུག་པས། །ཁྱེད་ང་རྒྱལ་དང་ཞུམ་པ་འདི་སྤང་ན་ལེགས། །དུས་འགྱུར་བ་ལ་ནམ་ཡོང་རང་མི་འདུག་གོ །དེ་ནས་ཡར་ལམ་བསམ་རྩེར་ཁྱོགས་ཕྱིན་པས་ཤིན་ཏུ་དགྱེས། སླར་ཡང་གནང་སྦྱིན་ལམ་ཆས་སོགས་གང་ཅི་ནས་བཟབས་པར་མཛད། བྱ་གཤོངས་སུ་སླེབ་ཆོས་འཆད་ཉན་ཤིན་ཏུ་འཕེལ་བ་བྱུང༌། ཡང་མཇལ་ཕྲད་ཀྱི་རེ་ཤིག་ཤར་ལམ་སྲད་ལ་བྱས་དབང་ལྡན་དུ་ཤོག་གསུང་དྲུང་ཆེན་རིན་རྒྱམ་པས་སྔ་འཕར་ཞིག་བྱུང༌། དེ་ག་གཞིན་རྫིང་ལུང་བར་ཆེན་བླ་བྲང་སོགས་སུ་སྦྱིན་བདག་རྣམས་ཀྱི་བཟའ་བཅའི་ཆོ་ག་སྐང་འཐུང་གི་ངལ་གསོ་འབུལ་སྐྱེས་སོགས་བཟབས་པར་བྱས། དེ་ནས་ཡོམ་ལག་གི་མདུན་ཐང་ཀ་དེར་སྔར་ཁོང་རྣམས་དང་ཞལ་འདྲིས་མེད་ཀྱང་ཁྲོ་ཕུ་བའི་ཞལ་ངོར་འདུག་པས་བྱ་གཤོངས་ཞེན་གྱིས་གསོལ་ཇ་ཤིན་ཏུ་བཟད་བ། རོགས་རྣམས་ལ་སྐོམ་གྱི་ངལ་གསོ་སོགས་ཤིན་ཏུ་སྨར་བ་བྱུང༌། དེ་ནས་དེའི་ལ་བུད་མཚམས་སྲད་ཀྱི་མདའ་དེར་ཞག་གཅིག་བསྡད། སྲད་རྫོང་དཔོན་གྱིས་གསོལ་འདེགས་སོགས་བཟབས་པར་བྱས། སྲད་ཕུ་དོ་དཔེར་ཞག་གཅིག་བསྡད་ཁོང་སྔར་སྲད་ཀྱི་བདག་པོ་ལྟ་བུ་ཡང་བྱས་ཟེར་བའི་གྲོང་པ་ཤིན་ཏུ་བཟང་བ་ཞིག་འདུག་པ་དེས་ཆོས་ཞུས་སྣ་ལེན་སོགས་ཡང་དག་བྱས། དེ་ནས་སྲད་ཀྱི་ཐང་ཀ་བྱང་ཐང་འདྲ་བ་འདུག་པ་དེ་དང་ལ་ཞིག་འདུག་པ་དེ་བརྒལ་ནས་དབང་ལྡན་དུ་སླེབ། སྲད་ལུང་པ་དོག་ཀྱང་དཀྱུས་ཐག་རིང༌། །ས་རྒྱུས་མེད་ཀྱི་མགྲོན་ལ་ངོ་ཤེས་བྱས། །ཐང་ཡངས་ཀྱང་རི་བོང་འགྲོས་ཀྱིས་སླེབ། །གནས་དབང་