R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༡༢
[A:༥༡༢]སྙིགས་དུས་ཀྱི་གྲྭ་ས་འཛིན་པ་ལ། །ལྷ་གཞན་འཕྲུལ་དབང་བྱེད་ཀྱི་ཆོ་ག་བསྟར། །དེ་ནས་རིམ་པར་བྱ་གཤོངས་སུ་སླེབ། སྦྲུལ་ལོ་འདུ་ཁང་གསར་བཞེངས་ཀྱི་རབ་གནས་ལ་རྗེ་མཁན་རིན་པོ་ཆེ་སྦྱན་དྲངས། ཡར་ལམ་རང་གིས་ཀྱང་ཕྱག་ཕྱི་བྱས་འདར་དུ་ཡོང་འདར་ནས་ས་སྐྱོང་མི་དབང་ཨ་རིན་དཔལ་བཟང་གིས་བྱ་རྒོད་གཤོངས་སུ་ནི་འཆད་ཉན་སྨར་ལ་འདུ་ཁང་སོགས་ཐེས་ཆེ་བ་ཞིག་བྱུང་འདུག །ད་སྒོས་ཚར་ཆེན་ཆོས་ཀྱི་རྒྱལ་པོའི་ཆོས་རྒྱུན་སྐྱོང་བ་ལ་ཁྱེད་མི་དགོས་ཁ་མེད་དུ་འདུག་པས་ཁྱེད་ཕེབས་པ་ཞིག་བྱུང་ན་ལོ་བཅུ་ཡིན་ནའང་བསྒུག་ནུས་པ་དེ་ཡིན། ད་འདིར་ཡང་ཅུང་ཟད་འཕྱུག་པ་འདུག་པས་གྲང་ཆེན་དུ་ཕེབས་དགོས་རབ་རྒྱུན་བཞུགས་ཐ་ནའང་ཉིས་འཛིན་ཙམ་གནང་དགོས་གསུང་ནན་ཆགས་མཛད། བདག་གིས་རབ་ལ་རྗེ་ཚར་ཆེན་གྱིས་ཐུགས་ཤིན་ཏུ་དགྱེས་པ་མཛད་ཀྱང་གསུང་ངག་ལམ་འབྲས། སྤྲོས་མེད། གསེར་ཆོས་བཅུ་གསུམ། མགོན་པོ་ཕྱི་ནང་གི་འཁྲིད། རྗེས་གནང་ཕྲན་བུ་ཙམ་མ་གཏོགས་གསུང་ཆོས་ཐོབ་རྒྱ་མེད། རྗེ་བླ་མ་དེའི་བསྟན་པ་ཟིན་ཐུབ་པ་ཞིག་མི་ཡོང་ལགས་ཞུས་པས། གསུང་ཆོས་དེ་རྣམས་ཀྱིས་ཅིས་ཀྱང་ཆོག་པ་འདུག །རྗེ་བླ་མའི་ཆོས་ལུགས་ཀྱི་བསྟན་པ་ཁྱེད་ཀྱི་མི་འཛིན་ན་སུ་ཡིས་འཛིན་གསུང་བཀའ་ནན་བརྗི་བ་རང་ཕེབས་ཀྱིན་འདུག །རྗེ་མཁན་རིན་པོ་ཆེའི་གསུང་ནས་ཀྱང་འདར་ནས་ཞལ་ངོ་འདི་ཚོ་དང་ཐོག་ནས་ཁྱེད་རང་ལ་ཐུགས་དཀར་བའི་སྟེང་དུ་ཞབས་དྲུང་རིན་ཅེན་དཔལ་བཟང་འདི་ཤིན་ཏུ་ཐུགས་ཞེན་ཆེ་བ་འདུག་པས་ཕུགས་མ་འདི་ཁས་ལེན་དགོས། འོན་ཀྱང་ཞབས་དྲུང་འདི་སྐུ་ཁམས་བཟང་པོ་རང་མི་འདུག་པས་འདིའི་སྐུ་ཁམས་ཀྱི་ཤན་ཕྱེད་པ་ཞིག་བྱེད་དགོས་དེ་མ་ཕྱེ་ན་འཕྲོད་མི་འཕྲོད་ཀྱི་ཐུགས་