R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༡༤
[A:༥༡༤]ཆར་པ་འབེབས། །ཞབས་དྲུང་ཆོས་དབང་རིན་ཆེན་དེ་ཡང་སྐུ་བཙུན་ཞིང་ལུགས་གཉིས་ལ་མཁྱེན་རབ་ཀྱི་སྤྱན་ཕྱེ་བ་ཞིག་ཡོད་པ་དེས་ཀྱང་གྲྭ་ཚང་གི་འཛིན་སྐྱོང་ལུགས་གཉིས་ཐད་ནས་ཕུན་སུམ་ཚོགས་པ་མཛད། རྗེ་ཚར་ཆེན་གྱི་བུ་ཆེན་རྗེ་མཁྱེན་བརྩེ། རྗེ་རབ་བརྟན་པ་སོགས་ལ་ཡང་གུས་ཞབས་ཤིན་ཏུ་ཆེ། ཁོ་བོ་ཅག་ལ་ཡང་ཐུགས་བསམ་ཤིན་ཏུ་དཀར་ཚེ་བཀའ་ལམ་དབང་སོགས་མང་དུ་ཞུས། ལོ་སྟར་གྱི་ལམ་དབང་མ་ཆག་པ་ཞིག་ཞུ་ཡོ་གསུང༌། གྲང་མོ་ཆེའི་འདུ་ཁང་གསར་བཞེངས་ཚར་བའི་ལོ་བདག་གཉིས་ཅར་གྱིས་གཟིགས་རྟོག་ལ་བྱོན། ཁོ་བོས་སྔོན་ལ་སྐོར་བ་བྱས་པས་འདུ་ཁང་གྱང་འཁྲིས་ན་ཆོས་རྔ་ཆེན་པོ་ཞིག་འདུག་པ་དེའི་རྔ་ལྡེ་ཁོ་བོའི་མདུན་དུ་ཀྲོག་ཟེར་ཚར་བྱུང་ཁོ་བོས་ཀྱང་རྔ་འདི་བརྡུངས་ཟེར་བའི་བརྡ་ཡིན་པ་འདུག་བྱས་རྔ་འུར་དེ་བ་ཞིག་བརྡུངས། ཕྱིས་བསམས་པས་རྗེ་མཁན་གྱིས་ཀྱང་ངམ་རིང་ཆོས་སྡེར་གྲྭ་སྐོར་ལ་བྱོན་པའི་ལོ་ཆོས་གླིང་འདུ་ཁང་དུ་གཟིམས། ཆོས་གླིང་གི་རྔ་རིལ་དེ་བརྡུངས་པའི་མཚན་ལམ་བྱུང་བ་ཕྱིས་ཆོས་གླིང་དཔོན་སློབ་མཛད་དགོས་པའི་སྔ་ལྟས་སུ་བྱུང་བ་དེ་དྲན། ཁོ་བོ་ཅག་ལ་ཡང་དེ་འདྲའི་སྔ་ལྟས་ཤིག་ཡིན་སྲིད་ནའང་བྱ་གཤོངས་གདན་ས་འདི་འཇོག་ཐུབ་ན་གཞན་དགོན་པའི་འཛིན་བདག་བློ་ཐག་ཆོད་བསམ་པ་བྱུང༌། ཕྱིས་གདུང་བཞུགས་པའི་ལྷ་ཁང་གསར་པ་ཚར་བའི་ཚེའང་མཇལ་དུ་ཕྱིན་པས་རྔ་རིལ་གསར་པ་ཞིག་འདུག་པ་དེའི་རྔ་ལྡེ་མདུན་དུ་འཚར་བྱུང་ནའང་སྔར་གྱི་རྟོག་པ་སྔོན་སོང་དེས་རྔ་མ་བརྡུངས་ཀྱང་ཕྱིས་གྲྭ་ཚང་གི་འཛིན་བདག་དགོས་པའི་རྟེན་འབྲེལ་དུ་འདུག །བློ་སྦུབ་འཁུམས་ཀྱི་ཞེན་པ་ལྟས་པས་ན། །གནས་གསར་པ་ལ་ཨ་གསར་མི་ཆེ་ཡང༌། །རྗེ་བླ་མ་དང་མཁའ་འགྲོ་ཆོས་སྐྱོང་གིས། །རྒྱུད་