R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༡༩
[A:༥༡༩]གཙང་གི་བློ་གསལ་དད་འདུས་ལ། །ཆོས་ལེགས་བཤད་འཆད་ལ་ཡིད་ཆགས་ནས། །དུས་ཉིན་མཚན་འདས་པ་མ་ཚོར་རོ། །དེ་ནས་ཁྱི་ལོའི་ཚེ་རང་ལྟོས་ཀྱི་སློབ་བུ་འདི་རྣམས་བསྐྱུར་མི་ཕོད་ཀྱང་རང་ལོ་ཡང་དྲུག་ཅུ་རྩ་བཞིར་སླེབ། བླ་མ་གོང་མ་རྣམས་ཀྱིས་ཀྱང་དྲུག་ཅུ་རྩ་བཞི་ཐལ་ནས་སུས་ཀྱང་འདིའི་འཆད་ཉན་ཕེར་བ་ཞིག་མ་བྱུང་འདུག་པས། རང་གིས་ཀྱང་འདི་མཚམས་འཇོག་ཐུབ་པ་ཞིག་ལེགས་པ་འདྲ་བསམ་མང་ཇ་གཅིག་གི་སྟེང་དུ་ངེད་ཀྱི་ལོ་དྲུག་ཅུ་རྩ་བཞིར་སླེབ་ཆོས་འཆད་ཉན་ཧྲིལ་པོ་ལོ་བཅུ་གཉིས་སོང་འདུག །ཀུན་མཁྱེན་ལྕགས་ཐང་པ་ཆེན་པོ་དང༌། འཇམ་མགོན་སངས་རྒྱས་རྒྱལ་མཚན་གཉིས་ཀྱིས་ཀྱང་འཆད་ཉན་ལོ་ཉི་ཤུ་རྩ་བདུན་རེ་མཛད་འདུག་ཀྱང་དགུང་ལོ་དྲུག་ཅུ་རྩ་བཞི་པ་ལ་གདན་ས་འཇོག་པ་གནང་འདུག །ངེད་ཀྱིས་ཀྱང་ལོ་དྲུག་ཅུ་རྩ་བཞིར་སླེབ་འདི་ཡི་འཆད་ཉན་ཕེར་བ་ཡང་དཀའ་མོ་འདུག །ཁྱེད་རྣམས་ཀྱིས་གོ་ཤེས་སྐྱེད་གདན་སའི་ཐུས་བྱ་རོགས་གྱིས་ཞེས་ནན་གྱིས་གླེངས་པས། ཡར་འབྲོག་པ་དྲུང་རམས་པ་གསུང་རབ་ཟེར་བ་ཞིག་ཡོད་པ་དེ་ཀ་གདོང་དུ་ལངས་ནས་བླ་མ་རིན་པོ་ཆེ་དེ་སྐད་མི་གསུང་བ་ཞུ་ངེད་གྲྭ་པ་རྣམས་ཀྱིས་དད་འདུན་ཅི་བྱས་ནི་ཐུགས་ལ་མངའ། ས་ཐག་རིང་པོ་ནས་འབོག་ཁྲས་རེ་ཁུར་ནས་གྲྭ་ས་དང༌། བླ་མ་ལ་གཏད་ནས་ཡོངས་འདི་བསྐྱུར་ཕོད་ན་གྲྭ་པ་ཁ་དམར་འདི་རྣམས་ཀྱི་མགོ་སུ་ཡིས་འདོན་རྒྱུ་ཡིན་ཟེར་ནས་སྐད་བཏོན་ཏེ་མཆི་མ་བྱུང༌། དེ་ནས་ཚོགས་པ་ཐམས་ཅད་ཀྱིས་ལངས་ནས་ཕྱག་ཕུལ། མཆི་མ་ཕྱུང་འདུ་ཁང་གི་ནང་ཐམས་ཅད་ངུ་ཚི་ཐེག་པ་བྱུང༌། རང་གིས་ཀྱང་ལན་ཟློག་མ་ནུས། དབུ་མཛད་ལ་ཆོས་སྤྱོད་ཀྱི་བརྡ་བྱས་པས་དབུ་མཛད་ཀྱི་ལངས་ནས་