[A:༥༢༥]བའི་ལྷ་ཁང་མུན་པ་གནག་གེ་བ་ཞིག་གི་ནང་ནས་དཔལ་ལྡན་མ་བཞུགས་ཟེར། དེ་དམག་ཟོར་མ་དང་དོན་གཅིག་མཚན་གྱི་རྣམ་གྲངས་སུ་འདུག་པས་མཇལ་དུ་ཕྱིན། སྐྱེ་དམན་གོས་སྨུག་ཁྲ་གྱོན་པ་ཞིག་གིས་མཇལ་སྣ་བྱས་མཇལ་མཆོད་གཏོར་ཕུལ་མཆོད་སྤྲིན་གསོལ་བཏབ་སོགས་བྱས། གནས་ཉང་སྨད་རྒྱན་གོང་ལྷ་ཁང་དུ། །རྗེ་འཇམ་དབྱངས་ས་སྐྱ་པཎྜི་ཏས། །ཁོང་ཁ་ཆེའི་མཁན་པོ་པཎ་ཆེན་ལ། །དོན་བསྙེན་པར་རྫོགས་ཚེ་མིག་སྨན་མདོག །དབུ་ལྕང་ལོའི་ཟུར་ཕུད་མཆོད་པའི་ཚེ། །ལྷ་གནས་ནས་བབས་པའི་གངྒཱའི་ཆུས། །གཞན་མ་དག་བཀྲུ་བའི་ཟླ་ཤེལ་གྱི། །སྣོད་ཐ་གྲུ་ཡངས་པའི་ཡོལ་སྒོ་མཇལ། །ཁོངས་ས་སྐྱའི་འཇམ་དབྱངས་གཞོན་ནུ་དེ། །ཐུགས་དགྱེས་ནས་མངོན་དགའི་ཞིང་ཁམས་ནས། །བདག་མདུན་དུ་དངོས་སུ་བྱོན་ནོ་སྙམ། །སེམས་དགའ་སྤྲོའི་བ་སྤུ་ཅི་ཡང་གཡོ། །ཁོང་དཔལ་ལྡན་ལྷ་མོ་དམག་ཟོར་མ། །ཞལ་མཇལ་ཚེ་སྐྱེ་དམན་ཚུལ་འཛིན་དེ། །གཟུགས་གཞན་བསྒྱུར་སྤྲུལ་པ་ཡིན་པའང་སྲིད། །རྫས་མཆོད་གཏོར་ཕུལ་ནས་སྨོན་ལམ་བཏབ། །ཚོང་འདུས་ཀྱི་ཞོལ་དེ་ན་སྔགས་པའི་ཚུལ་འཛིན་ལུང་བསྟན་འདྲ་འདྲ་གཏམ་ཆོལ་ལེ་བ་ཟེར་བ་ཞིག་འདུག་པ་དེས་ཁྱེད་བྱ་གཤོངས་བླ་མ་ཡིན་ན་ཕྱག་གཡོག་ཅིག་ལ་མཇལ་གྱིས་ཟེར། གཞན་འཕྲད་མཁན་ནི་མ་བྱུང་གསོལ་དཔོན་འགྲོ་བ་ཟེར་པ་དེས་འཕྲད་པས་ཁྱེད་ཀྱིས་འཕྲད་ཀ་མི་གཏོང་འདུག་སྟེ་ཁྱེད་བྱ་གཤོངས་བླ་མ་ཡིན་ན་ས་སྐྱའི་གོང་མ་ལྔ་དང་མཇལ་བ་འདུག་གོ་ཟེར། དེ་དུས་ནི་ཆོལ་གཏམ་དུ་རྩིས་ཕྱིས་བརྟགས་པས་ལུང་བསྟན་དངོས་ཡིན་བྱས་ཀྱང་ཆོག་པ་འདུག །དེའི་ཉིན་པ་རྣམ་ཆུ་སྤེ་ཤར་ཟེར་བའི་གནས་ཚང་དགའ་