[A:༥༣༠]འདུག་ཀྱང་མ་སྨིན་པ་ལ་གསང་སྒྲོགས་ཕན་ཡོན་མེད་ཞུས། ཞབས་དྲུང་ནོར་བུ་བཟང་པོ་ཕྱག་ལེན་ཁྱེད་རང་གི་འདི་དགའ་བ་འདུག་པས་འདི་ག་མཛོད་གསུང་ཐུགས་ཡིད་ཤིན་ཏུ་ཆེས་པར་མཛད། ཞབས་དྲུང་ཆེན་མོ་འདི་ས་སྐྱ་པའི་ཡི་གེ་ན་མེད་ཀྱང་ཞྭ་ལུུ་བུའི་ཡི་གེ་ན་ཡོད། ཅིས་ཀྱང་དགོས་གསུང་ནས་ཚོན་སི་དམར་པོ་ཁ་གང་ལ་སྨོན་ལམ་མང་པོ་མཛད་མེ་ནང་དུ་བསྐྱུར་གྱིན་འདུག །ཞ་ལུ་པའི་ཞི་རྒྱས་དབང་གི་སྦྱིན་སྲེག་གི་ཡི་གེ་གསུམ་ཙམ་ལག་ན་ཡོད་པ་ན་ནི་མི་འདུག་གཞན་ཡོད་པ་ཡང་སྲིད། མཁར་རིན་ཅེན་སྤུངས་པའི་ཕོ་བྲང་དུ། །མེ་ཞི་རྒྱས་དབང་གི་སྦྱིན་སྲེག་བྱས། །ཁོང་ཞི་རྒྱས་དབང་གིས་དངོས་གྲུབ་རྣམས། །ཅི་བཞེད་པའི་ཐུགས་དགོངས་འགྲུབ་གྱུར་ཅིག །སྡེ་སྲིད་ནས་བཞེངས་པའི་ཚེ་བུམ་དེ་ལ་ནི་སུ་ལ་ཡང་དབང་བསྐུར་དུ་མི་སྣང༌། དཔོན་རིགས་དྲག་པ་རྣམས་རང་རང་གི་ཚེ་བུམ་བཤམས་ནས། ལྕགས་འདམ་ནས་སྐུ་མཆེད། སོག་ནས་སྐུ་མཆེད། ཕུན་ཚོགས་གླིང་པ་སྐུ་མཆེད། འ་སྲས་པ། བྱམས་རྩེ་ཡབ་སྲས། དཔལ་འབྱོར་གླིང་པ། རྣམ་སྲས་གླིང་པ། བདེ་སྐྱིད་གླིང་པ། རྫོང་དཀར་དྲུང་ཆེན་གོང་ར་ལོ་ཆེན་སོགས་ཚེ་དབང་ཞུ་མཁན་མང་པོ་བྱུང༌། ཁྱད་པར་རྫོང་དཀར་ནས་གྲྭ་པ་འགའ་རེ་ལ་ལམ་དབང་དགོས་ཟེར་བ་དང༌། ཁམས་པའི་སློབ་གཉེར་བ་དྲག་པ་གཉིས་གསུམ་ལ་ཞལ་གྱི་རྗེས་གནང་དགོས་ཟེར། དེ་དུས་རང་རེའི་གདན་ས་པ་ཡང་ཡོད་པས་ཁྱེད་ཟུར་དུ་བསྡད་ན་ཇ་མི་ཡོང་ཡོང་དབང་གྲལ་གྱི་གཞོགས་འདི་འདྲ་ཞིག་ཏུ་སྡོད་གསུང༌། དེ་ནས་གདན་ས་པ་འཆད་ཉན་སྟབས་ཀྱིས་སྔོན་ལ་གདན་ས་པས་འབྱོན་ཁ་དེར་གནས་གསར་ནས་སྡེ་པ་ཕུན་ཚོགས་པ་ཡང་ཕེབས་བྱུང༌། གདན་ས་པས་མ་