R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༣༢
[A:༥༣༢]ནས་བཀྲ་ཤིས་ཁ་བཏགས་དཀར་པོ། །འབྲས་ཤེལ་དངོས་གཙང༌། གོས་ཡུག །དར་ཡུག་སོགས་བདུན་ཚན། དཔོན་སའི་དྲུང་གིས་བཀྲ་ཤིས་ཁ་བཏགས་དཀར་པོ། །བཟན་ལི་ཁྲི་མ་སོགས་བདུན་ཚན། ཞབས་དྲུང་རྒྱལ་པོས་སང་ཡོང་ཁར་བཀྲ་ཤིས་ཁ་གཏགས་མར་གད་མདོག་ཅན། དངུལ་དཀར་གྱི་གོང་མ་ལྔ་ཚར་ངོ་མཚར་བ། གོན་མ་རས་ཡུག་སོགས་ལྔ་ཚན། ཡུམ་དྲུང་གིས་སླར་ཡང་ཇ་ནག་རྩེ་ཐུམ་མར་རེལ་ཞིབ་དངོས་གཙང་སོགས་ཕུལ། དེ་དུས་རིན་སྤུངས་ནས་མངོན་བརྗོད་ཀྱི་རྩོམ་པ་ཆེན་པོ་ཞིག་གནང་གིན་འདུག་པ་འཁྲོལ་ཡོད་ན་ཞུ་བྱས་པས་སྡེ་པ་མ་ལ་མེད་གསུང༌། སྡེ་པ་འཇམ་གྲགས་ནས་ངེད་ལ་བསྡུས་པ་ཞིག་ཡོད་དེ་མཁོ་ན་འབུལ་གསུང་སྣང༌། མི་དབང་ཞབས་དྲུང་ཛ་ཧུ་ཡི། །བུ་མོའི་དར་གོས་ལྷབ་ལྷུབ་ཅན། །ནོར་བུའི་ཏོག་ཅན་རྒྱལ་མཚན་བསྒྲེང༌། །མི་མཐུན་གཡུལ་ལས་རྒྱལ་གྱུར་ཅིག་ཁྱད་པར་གྱི་གཟུགས་ཅན་ནོ། །རྟ་དང་གླང་ཆེན་ནོར་བུ་གོས། །གཏོང་བ་གཞན་ལས་ཆེས་ལྷག་པའི། །འཇམ་དབྱངས་གཞོན་ནུའི་འཇའ་རིས་སྐུ། །མེ་ཏོག་ཆར་བཞིན་འདི་རུ་བབས། །ནོར་འཛིན་འདི་ཡང་རིང་དུ་འདར། །ནམ་མཁའི་འཇའ་རིས་གུར་ཁང་ཕུབ། །མེ་ཏོག་གསིལ་མའི་ཆར་ཟིམ་འབབ། །འདི་ཡི་གཏོང་བས་ཡིན་ཕུལ་བྱུང་རབ་བརྟགས་ཀྱི་རྒྱན་ནོ་ནམ་སྙམ། །ངག་དབང་ལྷ་མོའི་བྱིན་རླབས་ཞུགས། །ནོར་བུ་དངུལ་དཀར་སྐུ་བརྙན་ཕུལ། །སྐུ་ཚེ་འཕྲིན་ལས་བཟང་པོ་ནི། །དར་ཞིང་རྒྱས་པའི་བཀྲ་ཤིས་ཤོག །སྔ་དྲོ་སྔ་མོ་ནས་སྐུ་དེ་རྣམས་གནང་བྱུང་དུས་མཚར་པོ་ཞིག་ཡོད་པ་འདྲ་ནའང་འཇིམ་པ་ལས་གྲུབ་པ་ཞིག་ཡིན་བསམས་པས་ཞོལ་དུ་གནས་ཚང་དུ་སླེབ་ཁར་བཟང་ང་ཁོ་ཐལ་སྐད་སང་སང་འདོན་