R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༣༧
[A:༥༣༧]པོ་སྐྱི་ལོད་ཀྱི་དེར་ཚ་བ་ལ་སླེབ་ཇ་སོགས་ཤིན་ཏུ་མང་བ་བྱུང༌། དེ་ནས་བྱ་གཤོངས་ནས་གྲྭ་པ་རྣམས་ཀྱིས་བོ་དོང་ཨེའི་བར་དུ་དར་གདུགས་རོལ་མོ་སོགས་ཀྱི་སེར་སྦྲེང་བྱས་སླེབ། བྱ་གཤོངས་སུ་མང་ཇ་ཟུང་ནས་འགྱེད་ཕོགས་ཁལ་རེ། སྤྲོད་རྙིང་པ་གང་ཡོད་ཀྱི་སྟེང་དུ་སྤྲོད་གསར་ཤག་ལོ། གཉན་ཕུག་གི་གཞིས། འདུ་ཁང་བཀྲ་ཤིས་གསེར་ཁང༌། ཆོས་གྲྭ་ཕྱི་ནང༌། རྡོ་ལྷ་ལྷ་གཡབས་སོགས་རྐང་འཐུང་གི་དོ་ར་འཁྲིགས་པ། བླ་བྲང་ཚེ་རིང་གུར་ཁང༌། ཚེ་རིང་གཡབས་དཀར་དང་བཅས་པ་གསར་བཅོས། ལྷ་ཁང་གསར་རྙིང་མགོན་ཁང་དང་བཅས་པར་མཆོད་ཆ་ཆ་ཚང༌། འདུ་ཁང་དུ་མདོ་སྡེ་པོ་ཏི་སུམ་ཅུ། བླ་བྲང་གི་བརྩམས་ཆོས་རྣམ་འགྲེལ་ལ་སྒྲུབ་ངག་ནས་གཏན་ཚིགས་རབ་དབྱེའི་བར་བཤད་པ་ཤོག་བུ་དྲུག་ཅུ་སྐོར། དབང་ཡིད་ཟུར་བཀོལ། ཁྱད་པར་གཏན་ཚིགས་རབ་དབྱེ་ལ་ཚད་མ་མདོ་དང་སྦྱར་བ། གཞུང་ཆུང་དང་སྦྱར་བ། རྣམ་འགྲེལ་རང་རྐང་དང་སྦྱར་བ་གསུམ་ཕར་ཕྱིན་ཟུར་བཀོལ་ལ་དགེ་འདུན་ཉི་ཤུའི་ལུགས་གསུམ་གསལ་བྱེད། རྟེན་འབྲེལ་གྱི་ཟུར་བཀོལ། ཆོས་འཁོར་གྱི་ཟུར་བཀོལ། མཛོད་སྤྱི་དོན་ཆེན་མོ། །མཛོད་རྒྱུ་འབྲས་ཀྱི་བཤད་པ། སྤང་གཉེན་གྱི་ཟུར་བཀོལ། དབུ་མའི་དཀའ་འགྲེལ་ཤོག་བུ་སུམ་ཅུ་སྐོར། འདུལ་བའི་དཀའ་འགྲེལ་ཤོག་བུ་སུམ་ཅུ་སྐོར། སྨན་གཞིའི་ཟུར་བཀོལ་སུམ་ཅུ་སྐོར། ཐལ་འགྱུར་གྱི་དོགས་གཅོད་རིགས་གཏེར་དཀའ་འགྲེལ་ཤོག་བུ་ལྔ་བཅུ་སྐོར། བློ་རིགས་ཆེན་མོ་ཤོག་བུ་སུམ་ཅུ་སྐོར། སྡོམ་གསུམ་སོ་ཐར་དཀའ་འགྲེལ། སྔགས་སྡོམ་འགོའི་ཟུར་བཀོལ། དེ་རྣམས་ཕལ་ཆེར་སྤྲོད་ལ་ཡོད། གཞན་ཡང་རང་གི་བརྩམས་ཆོས་སྡོམ་གསུམ་གྱི་ཕྱག་ཆེན་