R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༤༡
[A:༥༤༡]པ་བྱས། གསུང་ངག་ལམ་འབྲས་ཡོངས་རྫོགས་ལན་དྲུག་ཙམ་དང༌། འཁྲིད་ཀྱང་ཐལ་ཙམ་ཅིག་དང་བདུན་བཤད། ཁོག་ཕུབས་བསྐྱེད་རིམ་ཕྱི་ནང་སོགས་ལ་ཟིན་བྲིས་བྱེད་མཁན་ཡང་མང་པོ་བྱུང༌། སྤྲོས་མེད་འཁྲིད་ལན་གཉིས། གུར་གྱི་འཁྲིད། ཚེ་འཁྲིད། མ་གཅིག །སྒྲོལ་དཀར་འཁྲིད་རྣམས་བྱས། །ཡུལ་བོ་དོང་འཛིན་མའི་འགྲམ་པ་འདིར། །ལྷ་བི་ཤྭ་ཀརྨ་བབས་པ་བཞིན། །རྟེན་ངོ་མཚར་བཀོད་པའི་གཙུག་ལག་ཁང༌། །ལྷ་མིར་བཅས་ལྟ་བའི་མགྲོན་དུ་བྱས། །ཡུལ་དབུས་གཙང་དད་འདུས་བློ་གསལ་ལ། །ཁོང་ཤཱཀ་སྲས་ཆོས་འཁོར་བསྐོར་བ་བཞིན། །ཆོས་ལེགས་བཤད་བདུད་རྩིའི་ཆར་པ་བབ། །ཡིད་རབ་དགའ་བདེན་པ་མཐོང་དང་མཚུངས། །དྲིན་འགྲན་བྲལ་འཇམ་དབྱངས་བླ་མ་དེའི། །དྲིན་ཁྱེར་བ་མེད་ཀྱང་ཁྱེར་བའི་བློས། །རྒྱ་རྐང་འཐུང་བཏུང་བ་རྒྱུན་གྱི་རྒྱུར། །འབྲུ་བཟང་པོ་ཤེལ་དཀར་ཕུང་པོར་སྤུངས། །དེ་ནས་སྲས་མོ་ཀོ་ནེའི་བཞུགས་ས་ཡིན་པས་ཀོ་ནེ་མ་ཟེར་བའི་དགོན་པ་ཞིག་ན་རྗེ་རྫོགས་ཆེན་པ་ཟེར་བ་མདོ་སྔགས་ཉམས་རྟོགས་ཀྱིས་བརྒྱན་པ། དགུང་ལོ་བདུན་ཅུ་དོན་ལྔ་བཞེས་པ་ཞིག་ཡོད་པ་དེས་དབང་ཞིག་ལ་ཤོག་གསུང་ཕྱིན། ངེད་གཞོན་པའི་དུས་ནད་ལ་རྐྱེན་དང་བསྲེ་ཐུབ་པ་ཞིག་ཡོད་ཀྱང་ཁ་རྒས་པས་ནད་འདིས་ཀྱང་ཚུར་རྔན་ཆེན་བྱེད་པ་ཞིག་འདུག་གསུང༌། ངེད་ཡང་ཡོད་བ་དང་ཐུག་དབང་བྱེད་ལོང་ནི་མ་བྱུང༌། ལམ་ཟབ་སོགས་བརྡ་སྦྱོར་ཕྲན་བུ་ནི་བྱས། རང་གཞོན་དུས་ཉམས་ལེན་ཅི་བྱས་ཀྱང༌། །རྐྱེན་ནད་ལ་ཐོག་རྫིས་ཐོངས་པ་དཀའ། །རང་འཆི་ཀར་ནད་མེད་སྨོན་ལམ་ཐོབ། །ཅི་བྱས་ཀྱང་བདེའོ་གྲོགས་པོ་རྣམས། །དེ་ནུབ་བྱ་གཤོངས་སུ་སླེབ། སང་ཉིན་སྔ་བ་ལ་ཡོང་