R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༥༣
[A:༥༥༣]ལེགས་པ། བརྡ་དག་པོ་བྱས་པ་ཞིག་འདུག་པ་དེས་ལམ་འབྲས་སློབ་བཤད་འདི་ཤིན་ཏུ་ལེགས་པ་ཞིག་འདུག །སློབ་བཤད་ཡོད་པའི་ལུང་རིགས་ཀྱི་སྒྲུབ་བྱེད་ཅིག་ཟིན་ཐུན་གནང་དགོས་སྐྱོར་འགོ་ཡང་ང་རང་གིས་བྱེད་ཟེར་དེ་བཞིན་བྱས་པའི་དཔེ་ཡང་ད་ལྟ་ལག་ན་ཡོད་པ་འདི་ཡིན། ཁྱེད་རང་གི་གསུང་རྩོམ་རྣམས་ཀྱི་ནང་ནས་རབ་གནས་དཔེ་འདི་ཤིན་ཏུ་ལེགས་པ་མཁོ་ཆེ་བ་ཞིག་འདུག་ཟེར་འཕོ་ཐབས་བྱས་སོང༌། སྣང་གསུམ་ལ་རྩེ་ཆེན་སྡེ་སྲིད། དཔོན་ས་ལྷ་སྲས། བདག་མོ་ཡུམ་གཟིམས་ལགས་ཁུ་དབོན། ལྷན་སྐྱེས་དྲུང་ནས་ཀུན་བསོད། རྐྱང་འདུར་བར་དཀོན་ཙེག །གྲོང་གསར་ནས་སོགས་ལྔ་བཅུ་སྐོར་ཡོད། སྒྲོལ་མ་ལྷ་ཁང་དུ་ལམ་འབྲས་པ་བྱིངས་ལ་སློབ་བཤད་དབང་འཁྲིད་བྱིན་རླབས་སོགས་ཆ་ལག་ཡོངས་རྫོགས། ཞལ་ངོ་དཔོན་བློན་རྣམས་ལ་གསེར་ཆོས་བཅུ་གསུམ། ཛེ་ཏཱ་རིའི་དབང༌། འཆི་བདག་འཇོམས་པའི་དབང༌། མི་འཁྲུགས་པའི་དབང༌། གཟུངས་གྲ་ལྔའི་རྗེས་གནང༌། གུར་ཞལ་གྱི་རྗེས་གནང༌། སྒྲོལ་དཀར་གྱི་རྗེས་གནང་ཚེ་འཁྲིད་དང་བཅས་པ། རྗེས་གནང་སོགས་མང་དུ་བྱས། ལྷ་སྲས་ཀྱིས་རྩེར་གསོལ་ཇ་བཞེས་སྤྲོ་སོགས་གནང་བ་ཡང་ཡང་ཕེབས། དཔོན་ས་ཡུམ་གྱིས་འབྲས་ཀྱི་སིམ་སག་སོགས་ཀ་ཊོ་ར་ཐེག་ཙམ་ཡང་ཡང་འདི་གསོལ་ཇ་ལ་ཐོབ་ལས་བཞེས་གསུང༌། གསོལ་ཇ་སེར་ནག་གི་རྩེ་ཐུམ་མང་པོ་བསྐྱལ། སྦྱོར་ཁྱེད་རང་མཁས་པ་འདུག་པས་དེ་རུ་སྐོལ་ལ་ཁྱེད་རང་ཡང་བཞེས་འདིར་ཡང་སྐྱོལ་གསུང༌། མཁར་ཉང་སྟོད་སྒྲོལ་མའི་ལྷ་ཁང་དུ། །ཆོས་སློབ་བཤད་གསེར་ཆོས་བཅུ་གསུམ་སོགས། །དཔལ་