R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༥༨
[A:༥༥༨]སྦྱར་བས་གཟིགས་འབུལ་མ་ནུས། སྒྲོལ་དཀར་ཚེ་འཁྲིད་ལ་གསུང་རྩོམ་ཞིག་གནང་དགོས་གསུང༌། རང་གིས་ཀྱང་ཕྲན་བུ་ཞིག་བྱས་ཕུལ། ཡུལ་ཚོང་འདུས་ཀྱི་གྲ་ལྔ་ཉིན་བྱེད་དེ། །གྲོགས་དབུས་གཙང་གི་གྲོས་ཕུགས་འདྲི་བའི་ཡུལ། །དུས་དེང་སང་ཆ་ཆོད་རས་སུ་འབོར། །དུས་འགྱུར་བའི་སྡུག་བསྔལ་གཞན་གཙོའང་གཟོབ། །འོ་ཡུག་དཀའ་བཅུ་པ་སྤུན་དེ་ངེད་རང་ལ་གུས་ཤིང་ལེགས་པའི་མཐུན་སྦྱོར་བྱས། སྡེ་པ་གཟིམ་ཞལ་ངོ་རྣམས་ཀྱིས་དང་ཐོག་ནས་ཐུགས་དཀར་ཞིང་དེའི་བར་དུ་ཉལ་འགྲོའི་རྒྱུན་བཞིན་གུས་ཞབས་ཆེ་བ་རང་མཛད། བསྙེན་ཅིང་བཀུར་བའི་ཁྲི་ལ་ཡང་ཡང་བཞག །མཁར་རྩེ་ཆེན་གྲོས་འདེབས་སྔོན་རབ་འགའ། །ཡུལ་ལང་ཀའི་རྩུབ་འགྱུར་ཚལ་མཚུངས་ཀྱང༌། །ཁོང་ཅི་འདོད་ནོར་བུས་ཁ་སྒྱུར་བས། །དུས་འགྱུར་བའི་རྙོག་མ་སངས་ནས་སོང༌། །དེ་ནས་ཡོང་ཁར་ལྷ་སྲས་དྲུང་གིས་བཀྲ་ཤིས་ཁ་བཏགས་ཀྱིས་གཙོས་པའི་བདུན་ཚན། སྡེ་པ་མ་ནས་བཀྲ་ཤིས་ཁ་བཏགས། དངུལ་དཀར་གཟུགས། དཀར་རྒྱན། ཇ་སིགས། གོས་ཕྱི་ནང༌། གོན་མ། རས་ཡུག །གཟིམས་ཞྭ་རྒྱ་ཚོས། གཟན་ལི་ཁྲི། རིང་འགག་དངོས་གཙང༌། རྟ། གཟིམ་ལགས་ཀྱིས་བཀྲ་ཤིས་ཁ་བཏབས། ཇ་རྩེ་རྡུམ། དར་ལྗང་ཡུག །སྔོན་གྱི་སྤེན་འདབ་དངོས་གཙང་བུབས། ཨར་སྐྱ་སྡོང་པོ། དངུལ་ཕོར། རྟེན་ཁེབས། གདིང་བ་ལི་ཁྲི། སྡེ་པ་ཕུན་ཚོགས་ནས་ཀྱིས་གོང་མའི་རྟེན་སྒམ་ཤན་མཚོན་མདངས་ལེགས་པ་དང་བཅས་པ་བཅོས་ནས་ཕུལ། ཕྱི་བ་ལིང་འོ་མའི་རྒྱ་མཚོ་ཆེར། །ནང་དམ་ཚིག་དྲི་ལྡན་མྱུ་གུ་འཁྲུངས། །བར་ལྟ་བ་ཕྱག་ཆེན་མེ་ཏོག་འབར། །འཁོར་ཆོས་སྲུང་བུང་བ་ཐིབས་སེ་ཐིབ། །དེ་ནས་