R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༦༠
[A:༥༦༠]སྲིད་གསེར་མ་ནི་སྒར་ཐོག་བཞུགས། ལྷུན་རྩེ་ན་ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱས་དྲུང་དང༌། སྡེ་སྲིད་དཔལ་བཀྲས་གཉིས་བཞུགས་འདུག །དཔལ་བཀྲས་དྲུང་གི་དྲུང་འཁོར་རྟ་པ་དེ་འདྲས་བསུ་བ་སྤོས་སྣ་སོགས་བྱས་རྩེར་ཕྱིན། སྡེ་པ་དཔལ་བཀྲས་དྲུང་གིས་བཀྲ་ཤིས་ཁ་བཏགས་དཀར་པོ་དང་བཅས་ཕྱག་འབུལ་མཛད་ཀྱིན་འདུག །ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱས་དྲུང་དང་མཇལ་ཐུགས་བག་ཕེབས་པའི་འབེལ་གཏམ་སོགས་ཤིན་ཏུ་འཕེལ་བ་བྱུང༌། སང་ཉིན་འགྲོ་རྩིས་སང་ཉིན་ཅིས་ཀྱང་བཞུགས་རང་རེ་གཉིས་འཇིག་རྟེན་ཕྱོགས་ཀྱི་གཏམ་ཚིག་གཅིག་ཀྱང་བྱས་རེ་དག་བཏོན་པས་ཆོག་གསུང༌། ཆོས་རྗེ་དཔལ་སྡིངས་རིག་འཛིན་པས་སྒོ་སྤེ་སྟེང་དུ་བོས་ཚུར་ཕྱག་འབུལ་མཛད། ཉམས་ཆར་གྱི་བཞད་གད་ཆེན་པོ་དང་བཅས་ཐུགས་ནང་དག་པ་རང་བྱུང༌། དེ་ནས་སྡེ་པ་དཔལ་བཀྲས་དྲུང་གིས་གཟིམས་ཆུང་རྟེན་མཆོད་ཤིན་ཏུ་བཟབས་པ། རང་ལ་གདན་བརྩེགས་མཐོན་པའི་སྟེང་དུ་འབུལ་སྐྱེས་གྱ་ནོམ་པ་དང་བཅས་བཞུགས་གྲལ་ཆེན་པོ་ཞིག་ཏུ་ར་ནམ་མཁའ་དང་དགའ་ལྡན་པ་ཞིག་རིགས་ལུང་ལ་བསླངས། ཁོས་ཁྱེད་བྱང་བ་རྡུད་ན་ངས་ཤེས་ཟེར། རབ་འབྱམས་པས་བྱང་པ་ཐམས་ཅད་གཅིག་ན་མེད། ཁ་རི་ངོམ་ཚུལ་འདི་ཁུར་ནས་ངོ་གདོང་བཏེག་བཏེག་བྱེད་ཟེར་ངད་ལངས་པའི་ཐལ་མོ་བརྡབས་པས་འཕྲེང་བ་འཐོར་གྲལ་པ་རྣམས་བཞད་གད་ཐག་པ་བྱུང༌། དྲུང་རམས་པས་རྦད་ཆེན་པོའི་སྒོ་ནས་མཆོད་ཡར་རྒྱས་པ་བྱས། དེ་ནས་སྔགས་འཆང་བཀྲ་ཤིས་སྟོབས་རྒྱས་དྲུང་གིས་གཟིམས་ཆུང་དུ་བོས་འབེལ་གཏམ་ཤིན་ཏུ་སྨྲར། ངས་