R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༦༣
[A:༥༦༣]བྱུང༌། དེ་ནས་ཕོ་བྲང་ལྷ་རྩེར་སླེབ། ལྷ་སྲས་ས་སྐྱོང་རྒྱལ་མོ་དང་མཇལ། དེ་དུས་ལྷ་རྩེ་ན་འདར་ནས་མི་དབང་རྣམ་དཔྱོད་དང་ལྡན་པ་དགྲ་འདུལ་དོན་འགྲུབ་བཞུགས་ཡོད་བས་དེའི་བཞུགས་མཚེར་དུ་ཤོག་གསུང་ཞག་གཉིས་བསྡད། ནོར་རྒྱས་ཚེ་པས་གསོལ་བ་བཏབ་ནས་དཔོན་རིགས་མང་པོ་ལ་ཚེ་དབང་བྱས། རྩེ་དེ་ལ་འགྲོ་འདུག་འཚེར་བས་གྲོལ་ཆ་ཡང་ཡང་ཞུས། རིགས་ཕུན་ཚོགས་ནམ་མཁའ་ཚེ་དབང་དེ། །སྐུ་གཞོན་ཡང་ལུགས་གཉིས་རྣམ་དཔྱོད་འཛོམ། །བྱང་ཁྲི་སྐོར་གྱི་མདུན་མ་གྲུབ་བོ་སྙམ། །སེམས་དགའ་སྤྲོ་རབ་དགའི་ས་ཐོབ་བཞིན། །དེ་ནས་གྲང་ཆེན་ནས་ནམ་ཡོང་གི་གསལ་ལེན་མི་ཡང་ཡང་བྱུང༌། གྲྭ་རིགས་འགའ་ཞིག་གིས་ཐེལ་བསྡུས་བྱས་རྒན་པའི་ལུགས་གཅིག་བཏོན་པ་འདྲ་ཟེར་བ་ཐོས་སྐྱུག་ལོག །དེ་རིགས་བྱས་ནས་དུས་ངན་པའི་ཤན་གྱིས། བླ་མ། དཔོན་པོ་སོགས་ལའང་རིམ་གྱིས་འབྱུང་ཉེ་བས་ས་ཕྱོགས་དེར་ངེད་མི་ཡོང་བྱས། སེར་སྦྲེང་གྲབས་བྱས་ཡོད་པས་ཅིས་ཀྱང་འབྱོན་དགོས་ཟེར་བྱུང༌། ངེད་ལ་སེར་སྦྲེང་གིས་དོན་མེད་བྱས། རགས་རྫོང་དུ་ཆོས་རྗེ་བསྟན་པ་དར་རྒྱས་བཞུགས་པའི་སར་ཕྱིན་ཞག་གཅིག་བསྡད། གྲང་ཆེན་ནས་ཡང་ཡང་འབོད་མི་བྱུང་ཡང་མ་ཕྱིན། རྗེས་སུ་རྒན་པ་འདྲ་བྱུང་བྱིངས་ལ་སྐྱོན་མེད་ཚུལ་མང་པོ་གླེང་གིན་འདུག །དེ་ནས་གཞན་གྱིས་ཀྱང་བསྐུལ་ལྕག་ཡང་ཡང་བྱས་པས་སེར་སྦྲེང་ནི་བྱེད་མ་བཅུག་རང་གིས་བདེ་ཐལ་གྱིས་ཕྱིན། འདར་རྣམ་རྒྱལ་སྟག་རྩེའི་མངའ་འབངས་དེར། །ཁྲིམས་འཇམ་དར་གྱི་བདེ་སྐྱིད་དར་ན་ཡང༌། །ཁྲིམས་མེད་པའི་སྤྱོད་པ་འཆོལ་དོགས་ནས། །རང་