[A:༥༦༩]མཐའ་ནས་བཙལ་ཏེ་སྤྲུལ་སྐུ་རྣམ་སྲས་ཀྱིས་བྲིས། གནས་སྐྱིད་ཕུག་སྒྲོ་ལུང་ཡང་དབེན་དུ། །རྗེ་ཀུན་དགའ་མཆོག་ལྡན་ཞབས་པད་བསྟེན། །རྒྱུད་བཀའ་བབས་དབང་གི་སྲད་བུས་སྦྲེལ། །རྒྱུད་སྔོན་འགྲོ་དངོས་གཞིའི་བཤད་འབྲེལ་ཐོས། །རྗེས་དཔལ་ལྡན་ས་སྐྱའི་ཟབ་པའི་ཆོས། །རྒྱུད་མན་ངག་ཟབ་དབྱངས་སྒྲོགས་པ་དེར། །སྔགས་རྡོ་རྗེ་ཐེག་པའི་བསྟན་པ་དར། །ཆོས་འདི་འདྲའི་ངོ་མཚར་སྐལ་བ་བཟང༌། །མདོ་རྒྱན་དྲུག་གཞུང་ལ་ངེས་པ་བརྙེད། །སྒོས་འཕགས་པ་ཀླུ་སྒྲུབ་གཞུང་ལ་འདྲིས། །སྤྱིར་རྡོ་རྗེ་ཐེག་པའི་བག་ཆགས་སད། །སྒོས་རྗེ་བཙུན་གོང་མའི་གསུང་ལ་འདྲིས། །ཆོས་རྙེད་པར་དཀའ་བའི་རྒྱུད་མན་ངག །དུས་ད་རེས་རང་སྐལ་རིམ་གྱིས་བརྙེད། །རང་སྐལ་པར་འཚམ་པའི་གདུལ་བྱ་རྣམས། །ཡིད་དགའ་བ་སྒོམས་ཤིག་སྙིང་གི་བུ། །སྤྱིར་གདོང་དགའ་ནས་མི་དབང་རྣམ་རྒྱལ་རྡོ་རྗེ་དང་ཐོག་ནས་ཐུགས་འདྲིས། མི་དབང་བསྟན་པ་ལགས་ཀྱིས་བྱ་གཤོངས་ལ་འགྲོ་པའི་ལམ་བར་རགས་རྫོང་རྩེར་ཤོག་གསུང༌། ཆོས་ཀྱི་འབེལ་གཏམ་ཤིན་ཏུ་འཕེལ་ཞིང་ཐུགས་དགྱེས། གཟིམས་ཆུང་དངོས་མར་སྡོད་གསུང་ཞག་གཅིག་འགོར། སྐུ་མདུན་ཆོས་རྗེའི་དྲུང་དང་ཡང་བྱ་གཤོངས་སུ་མཇལ་ཐུགས་བག་ཕབ་པའི་སྙིང་གཏམ་མང་པོ་ཤོད་པ་གནང༌། ཚེ་རིང་ལགས་ཀྱིས་གདོང་དགའ་གྲྭ་ཚང་གི་འཛིན་བདག་དགོས་གསུང་ཕྱག་རྟགས་ཡང་ཡང་ཕེབས། ཚེ་བརྟན་ལགས་དཔོན་བློན་གྱིས་ལྷ་རྩེར་དེ་མཐུན་བཀའ་ལུང་ནན་ཆགས་གནང་གིན་འདུག །གདོང་དགའ་གྲྭ་ཚང་དེ་མདོ་སྔོན་སོང་གི་གྲྭ་རིགས་མང་