[A:༤༡༡]ཙམ་དུ་གནས་པར་མཐོང་ནས། སྒྲུབ་བྱེད་ལུང་རིགས་འཇམ་མགོན་བླ་མའི་རྟོགས་བརྗོད་དཔལ་གྱི་འཁྲི་ཤིང་དང༌། ཀླུ་སྒྲུབ་སྟོད་འགྲེལ་དུ་གསལ་བར་བཀོད་ཟིན་པ་དེ་ཡིན་ནོ། །འདི་ལ་རྣམ་དཔྱོད་དང་བྲལ་ཞིང་ཐུགས་གཟུ་བོར་མི་གནས་པ་དག་གི་དཔྱོད་ཡུལ་མིན་པས་སྨྲ་བ་སྐྱུངས་ན་རང་བཞིན་བཟང་མདོག་རྣམ་པ་ཡིན་ལ། རྒྱན་དང་རྒྱུད་བླ་ཐལ་འགྱུར་ལུགས་སུ་བསྲེ་བ་ནི། སྲོལ་འབྱེད་སོ་སོའི་དགོངས་དོན་སོ་སོར་འབྱེད་མ་ཤེས་པར་རྣམ་དཔྱོད་ཕྱང་མོ་ཡུག་ཏུ་ཤོར་བ་ལ་མཆོར་ཆས་སུ་ངོམ་པ་ཙམ་དུ་སྣང་སྟེ། ཁོ་བོས་དཔལ་གྱི་འཁྲི་ཤིང་དུ་རྣམ་དབྱེ་ཕྱེ་ཟིན་པ་ལ་གཟིགས་ཤིག །ཆོས་རྒྱན་དྲུག་གི་གཞུང་ལ་སྦྱོང་དར་བྱས། །ཁོང་པཎ་གྲུབ་ཚོའི་དགོངས་དོན་མ་འདྲེས་ཕྱེད། །རང་ཐོས་བསམ་བྱས་པ་དོན་ཡོད་བྱུང༌། །ང་སྒོམ་ཞིག་བྱེད་སྙམ་སྙིང་ལ་གཅགས། །དེ་སྐབས་ཤིག་འཇམ་མགོན་བླ་མས། ཁྱོད་འདུལ་མཛོད་ལ་རྩོལ་བ་ཞན་པར་འདུག་ཀྱང་དེ་ལྟར་བྱས་པས་མི་ཡོང་པས། འདི་གཉིས་ལ་ཐོས་བསམ་རུས་ཐོན་པ་ཞིག་གྱིས་གསུང་གསོལ་ཇ་དང་གཟན་ལེགས་པ་ཞིག་གནང༌། དེ་ཕྱིན་ཆད་འདུལ་མཛོད་ཀྱི་གཞུང་བཟུང་འདུལ་བ་རྒྱ་ཆེར་འགྲེལ་དང༌། མཛོད་རང་འགྲེལ་འགྲེལ་བཤད་དང་བཅས་པ་ལེགས་པར་ལྟས། འགྲེལ་པ་མཁོ་ཆེ་བ་འདྲ་བཟུང་ཐོས་བསམ་ཕུལ་ཕྱིན་བྱས་པས་ཕྱིས་འདུལ་མཛོད་གཉིས་ལ་རྣམ་དབྱེ་ལེགས་པར་ཤར། ཁྱད་པར་མཛོད་རྩ་འགྲེལ་ལ་ཐག་ཆོད་ཀྱི་སྤོབས་པ་རྙོག་པ་མེད་པ་ཤར་བ་ཡིན་ནོ། །ཡང་གདོང་དགའ་ནས་ཆོས་མཛད་སྤེ་གསར་པ་ཟེར་བ་རྣམ་དཔྱོད་ཀྱི་ཤེས་རབ་དང་སྤོབས་པ་བཟང་ཐག་ཆོད་པ་ཞིག་ཡོད་པ་དེས། ཁོ་བོ་ལ་སྙན་ངག་ལེགས་ལེགས་མང་པོ་དང༌། རིགས་གཏེར་གྱི། ལྡོག་འགོག་ཆོས་རྟགས་ཕྱགས་གཉིས་ཀྱི། །རྩོད་པ་བཞི་ཡི་གཞན་ལན་