R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༧༥
[A:༥༧༥]གེར་འཁོད་པ་མེད། ཁོང་བླ་མ་མཁས་པ་དང་མཇལ་བས་ཡིན་པ་འདུག །སྐལ་པ་བཟང་ཟེར། ལོ་དེ་ལ་འབྲུམ་པ་ཐོར་ཆ་ཡོད་པས་ཞབས་དྲུང་འདུལ་ལགས་ཀྱང་ཐུགས་ཟེམ་མེ་ཡོད། རྒྱུད་མ་གྲོལ་བར་དུ་སུ་གང་ལ་ཡང་སྐྱོན་ཡེ་མ་བྱུང༌། རྒྱུད་གྲོལ་ནས་རེ་ཐུ་བྱུང༌། འོན་ཀྱང་དྲག་པ་རྣམས་ལ་སྐྱོན་ཡེ་མ་བྱུང༌། དེ་མཚམས་དྲང་སྲོང་དོན་གྲུབ་རྒྱལ་པོས་དྲང་སྲོང་བོན་སྐྱབས་ཤིན་ཏུ་ཐུ་བ་ཡོད་པས་ཡོང་དགོས་གསུང་ཕྱིན། དེ་ནུབ་དགེར་མདའ་རུ་བསྡད་དེ་ནས་ཕྲམ་ཕུར་སླེབ་དྲང་སྲོང་བོན་སྐྱབས་སྐུ་ཚེས་མ་ཟིན་འདུག་པས་དུས་ཐ་མའི་ཆོ་ག་བཙུགས། ཀུན་རིག་ཆོ་ག་པ་ཆོས་རྗེ་གཤོངས་ཆེན་པ། རྫ་རེའི་བླ་མ། དྲང་སྲོང་གསུང་གི་རྗེ་གཤོངས་ཆེན་པ་འདི་དད་འདུན་ཤིན་ཏུ་ཆེ་བ་འདུག་པས་ཕྱག་འབུལ་ལ་འབྱོན་པ་འདུག་པས། དེ་ལུགས་ཀྱི་བདག་རྐྱེན་གནང་དགོས་གསུང་ཁོ་བོས་ཀྱང་ཕྱག་ལན་བྱས་སྒྲོལ་དཀར་མགོན་པོའི་རྗེས་གནང་སོགས་གསན། དྲང་སྲོང་སྐུ་ངོ་རྣམས་ལ་ཚེ་བཀའ་སྒྲོལ་དཀར་སོགས་མང་དུ་བྱས། ཀུན་རིག་སྟོང་ཚར་གྱི་འགོ་མ་ལ་སྡོད་དགོས་གསུང་ནའང་འདར་ནས་ཞབས་དྲུང་ཆེན་པོ་སྐུ་ཁམས་ཅུང་མ་བདེ་བས་གྲོལ་ཆ་ཞུས་ཡོད། ཁོང་དྲང་སྲོང་མི་དབང་རྒྱལ་པོ་ཡིས། །ཐུགས་དད་པས་སྤྱན་དྲངས་ཞི་གཤེགས་རྣམས།