R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༨༢
[A:༥༨༢]མེད་པར་འཁྲི་ཤིང་ལྕུག་ཕྲན་གྱི་བཟོའི་རིག་བྱེད་ལེགས་པར་བསྒྲུབས། འདར་ཆ་ཞབས་ཀྱི་གྲོང་རེ་ནས་ཞག་བརྒྱད་བརྒྱད་ཀྱི་དགེ་བསྐུལ་བརྒྱུགས། ཆ་ཞབས་ཀྱི་གྲྭ་ཚང་བཞི། སྒྲུབ་པ་ཕོ་མོའི་སྒྲུབ་སྡེ་རྣམས་ཀྱིས་ཀྱང་དགེ་བསྐུལ་ཡང་དང་ཡང་དུ་རྩོལ་བས་ཐོན་པ་བྱས། ས་སྐྱོང་མི་དབང་ཆོས་ལྷུན་དྲུང་གིས་གཟིམས་ཆུང་གི་རྒྱུག་པ་འབུལ་གསུང་བ་ལ་རྒྱུག་པ་རྣམས་བླ་བྲང་རང་ནས་སྒྲུབ་པ་དང༌། འབུལ་མཁན་སོ་སོས་ཐུས་ཙམ་འདུག་པས་ནས་མཁོ་བ་འདྲ་གསུང་ནས་ནས་ཁལ་ལྔ་བཅུ་ཕུལ། མི་དབང་བསོད་ནམས་ལྷུན་ཆེན་སྐུ་མཆེད་ཀྱིས་བཟོ་རིགས་པ་ལས་འགོ་པ་སོགས་ལ་ཟླ་ཕོགས་རྒྱ་རི་དང་བཅས་པ་དང༌། ཀ་བཞི་མ་ཞིག་གི་རྒྱུག་ཕུལ། སྐུ་མདུན་བྱམས་པ་ལགས་ཀྱིས་ནས་ཁལ་ཉི་ཤུ་ཕུལ། བདེ་གླིང་ནང་ནས་སྐུ་མདུན་ཨ་རྒྱལ་བུ་ཁྲིད་དྲུང་གིས་གདུང་ཆེན་མོ་གཉིས་གནང་བ་ལ། ཀ་བ་དྲུག །གཞུ་རིང་དྲུག་རྣམས་བྱུང༌། བཟོ་རིགས་འགོ་ལུང་པ་དང་བཅས་པ་ལ་ནས་ཞོ་གང་དང་ཇ་ཐུམ། གྲང་ཆེན་བགྲེས་པས་བཟོ་རིགས་འགོ་ལུང་པ་ལ་སྟོན་མོ། །གྲང་ཆེན་ལས་མི་རྣམས་ལ་ཡི་དམ་རྒྱ་མཚོ་དང༌། བློ་གསལ་ཆོས་སྐྱོང་གཉིས་ཀྱིས་སྐབས་ཆང༌། དགེན་རྒྱམ་པས་སྐབས་ཆང༌། རྨུ་པ་དཔོན་པོ་བས་སྐབས་ཆང་དང་ཞོ་གང་གི་རྒྱུག་པ། སྐྱིད་གཤོངས་ནས་གཟིམས་ཆུང་ཀ་གཉིས་མའི་རྒྱུག་པ་དང་བཟོ་རིགས་པ་ལ་སྐབས་ཆང༌། ཕུ་གྲྭ་ཚང་ནས་བཟོ་རིགས་ལས་འགོ་པ་ལ་ཇ་བུར་སྟོན། སྦྱིན་པ་བས་ཕུ་གྲྭ་ཚང་ལས་མི་ལ་སྐབས་ཆང༌། བསམ་གྲུབ་གྲ་ཚང་ལས་མི་ལ་དགོན་པ་སྤེ་བླ་བྲང་ནས་