[A:༥༨༦]ཀྱིས། །རྫས་འདོད་དགུ་འདོད་ཡོན་དཔལ་གྱིས་མཆོད། །རྗེ་ཤངས་པའི་གསེར་ཆོས་བཅལ་དུ་བཀྲམ། །ཆོས་དོན་གཉེར་རྒྱན་དུ་མཛེས་པ་ཡིན། །དེ་ནས་མི་དབང་དགྲ་འདུལ་དོན་གྲུབ་ཀྱིས་སྔར་རྩ་རྒྱུད་སྔོན་འགྲོ་དང་བཅས་པ་ལེགས་པར་ཐོབ་ཟིན་ཀྱང༌། ད་མན་ངག་ཅིག་འདོད་བྱ་ཆེ་བར་ཡོད་གསུངས་པ་ནས་ཁོང་སུམ་ཅུ་སྐོར་ལ་ལམ་འབྲས་འཕྲལ་དུ་བཙུགས། ལམ་འབྲས་རིང་བརྒྱུད་ཆ་ལག་དང་བཅས་པ་རྫོགས་པར་གྲུབ། ལམ་འབྲས་ཉེ་བརྒྱུད། ལམ་སྦས་བཤད། ཕྲ་སྒྲུབ་དང་བཅས་པ་དང༌། ཤིན་ཏུ་ཉེ་བརྒྱུད་བརྡ་དོན་གསལ་བ་འཁྲིད་དང་བཅས་པ་རྗེས་སུ་གནང་དགོས་གསུངས། བདག་ཡོན་མཆོད་དཔོན་སློབ་འཁོར་དང་བཅས་པའི་ཚོགས་ཀྱི་འཁོར་ལོ་བཀྲ་ཤིས་མངའ་གསོལ་མཆོད་འཕྲིན་སྨོན་ལམ་ཤིས་བརྗོད་དང་བཅས་པས་རང་གཞན་དགྱེས་པ་ཆེན་པོའི་དཔལ་ལ་བཀོད་པ་ཡིན་ནོ། །དེའི་ཚེ་གཞུང་བཤད་ཟིན་ཐུན་དགོས་གསུང་ཟིན་ཐུན་བྱས། རང་རེའི་རྣམ་འགྲེལ་བཅུ་གཅིག །གཞུང་བཤད་དམར་ནག །དགེ་རྒན་མ་སོགས་ལེགས་པའི་ཆ་བཏུས། གཞུང་གཤད་འདི་ལ་པཎ་ཆེན་བོ་དོང་པས་མགོ་མཇུག་ཚང་མ་ལ་མཁས་པའི་རྣམ་དཔྱོད་ལྡན་པའི་སྐྱོན་གཏོང་དཀའ་བ་འདུག་ནའང༌། གནད་ཆེ་ཆུང་ཅི་རིགས་པའི་ཟར་ཟིར་ཤིན་ཏུ་མང་བ་འདུག་པ་ལ། མཁས་པ་རྡོ་རྗེ་རྒྱལ་མཚན་པས་ཀྱང་ལན་མང་དུ་མཛད་འདུག་པ་བཞིན་ཁོ་བོས་ཀྱང་རང་ལུགས་ཀྱི་རྣམ་བཤད་དང༌། ཕ་རོལ་པོའི་རྩོད་པ་ཟློག་པའི་རྣམ་བཤད་ཞིབ་ཏུ་བྱས། ཆོས་ཟབ་དོན་རྡོ་རྗེ་ཚིག་རྐང་འགྲེལ། །ཞལ་སྙན་ལམ་བརྒྱུད་