R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༨༧
[A:༥༨༧]པ་མ་ཉམས་པར། །གཞན་རྟོག་གེའི་ཚིག་འཕྲེང་སྨིག་རྒྱུ་ལ། །ཆུ་བདེན་པར་འཁྲུལ་རྣམས་ཨ་རེ་འཚང༌། །ཡུལ་རྒྱ་གར་རྒྱལ་པོའི་པཎྜི་ཏ། །ཆོས་དཔག་བསམ་འཁྲི་ཤིང་སྒྲུན་བྱེད་མཁན། །རིགས་དགེ་དབང་ཟླ་དབང་སྙན་གྲགས་མཁན། །ཕྱི་རིག་པའི་གནས་ལ་མཁས་པ་ཙམ། །མི་དཔྱོད་ལྡན་ནག་ཕྱོགས་དགྲ་འདུལ་བ། །ནང་རིག་མཆོག་རྒྱུད་དང་མན་ངག་འཛིན། །ཕྱི་རིག་གནས་འབྱེད་པའི་ཟུར་མིག་ཅན། །མཁས་དྲེགས་ལྡན་དབུས་ན་རེ་རེ་ཙམ། །མི་དབང་ལྷུན་ཆེན་དྲུང་ཡང་གསུང་ངག་ལ་ཐུགས་བྲེལ་གྱི་སྟབས་ཕེབས་སྐབས་མ་བྱུང་ཡང༌། ལམ་ཟབ་ཀྱི་རིགས་ཀུན་དགོས་གསུངས། ལམ་ཟབ་ཕྱི་ནང་གསང་བ། བླ་མ་རིན་འབྱུང་སོགས་རིགས་ལྔ་རྣམས་ཕུལ། ཞབས་དྲུང་སྐུ་མཆེད་ཀྱི་མང་ཇ་ཚོགས་འཁོར་འབུལ་བ་རྣམ་གཞག་ཤིན་ཏུ་བཟང་བ། གཞན་ཡང་ཞལ་ངོ་རྣམས་སོ་སོ་ནས་མང་ཇ་རྣམ་གྲངས་མང་པོ་དང༌། དེ་དག་གི་སྐབས་སུ་རྡོར་གླུ་གར་རོལ་མོ་སོགས་མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པའི་དགའ་སྟོན་བྱས། དེའི་སྐབས་སུ་ཆོས་འཆད་ཀྱི་ཚེ་གཞུང་བཤད་ལ་བོ་དོང་པས་དགག་པ་རེ་གཟུག་འདུག་པས་འདིའི་ལན་ངོ་རེད་མི་གྲུབ་པ་འདུག་པས་སང་ཉིན་བྱེད་དོ་བྱས་པས། ཆོས་ཉན་པ་དགེ་སློང་ལེགས་བཤད་ཟེར་བ་ཉམས་འཚར་བ་ཞིག་ཡོད་པ་དེས་སང་ཉིན་ཆོས་བསྒུགས་ཀྱི་དུས་དེ་རིང་འཐབ་དུས་ཆེན་པོ་དགོས་ཡོད་པས་ལྟད་མོ་ཆེན་པོ་ཡོད་ཟེར། ཆོས་ཉན་པ་རྣམས་བཞད་གད་ཐག་གེ་བྱུང་ཟེར། དེ་ག་བཞིན་དགག་སྒྲུབ་ཀྱི་སྤྲོས་པ་ཤིན་ཏུ་འཁྲུག་པ་བྱུང་