R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༨༨
[A:༥༨༨]བ་དེ་ཡི་གེར་བཀོད་པ་དེ་བཞིན་ཡིན། འདིར་བརྒྱུད་ལྡན་རྣམ་བཤད་གླེགས་བུ་ལ། །གཞན་ངན་རྟོག་རི་མོས་བསྒྲིབས་མཐོང་ནས། །ལན་ལེགས་བཤད་ཁྲུས་ཀྱི་ཆོ་ག་བསྟར། །བཞིར་མཛེས་ལྡན་ངོ་འཛུམ་མཐོང་ན་མཛེས། །དེ་ནས་འབྲུག་ལོ་དབྱར་ཆོས་འཚོག་པ་ལ་ཉེ་བའི་ཚེ་བྱང་རིགས་ལྡན་ཆོས་ཀྱི་རྒྱལ་པོའི་ཕོ་བྲང་ཆེན་པོ་ནས། དཔོན་ས་ལྷ་གཅིག་ཕུན་ཚོགས་ཆོས་ཀྱི་རྒྱལ་མོས། འཕགས་མའི་སྐྱེ་བོ་དཔྱིད་ཀྱི་ཕོ་ཉ་ཁྲིའུ་མཁར་ནང་སོ་ཆོས་རྗེ་དང༌། གླིང་ནས་ནང་སོ་ཚེ་དབང་པ་གཉིས་མངགས། བཀའི་གླེགས་བུ་གནང་སྐྱེས་དང་བཅས་པའི་སྒོ་ནས། དཔལ་གཡས་རུ་བྱང་གི་ངམ་རིང་ཆོས་སྡེ་ཆེན་པོའི་མཁན་པོར་དཔྱོད་ལྡན་གཟུར་གནས་ཀུན་མཐུན་གྲུབ་ཅིང་མོ་བརྟག་སོགས་ཀྱང་ལེགས་པར་ཆུད་པས་སླེབ་པ་བྱེད་དགོས་གསུང་བ་ཕེབས། རང་ལ་དེ་འདྲའི་དཔེ་བྱ་ཡོང་བསམ་པ་ཡང་མེད་ཅིང༌། ཚེ་མཇུག་འདི་ལ་སོས་གང་དལ་རྣམ་གཡེང་གང་ཆུང་བྱེད་བསམ་པ་མ་གཏོགས། དེ་འདྲའི་འདོད་བྱ་ཡེ་མེད་པས་གྲོལ་བྱ་ཞུ་བསམ་དེ་གའི་ལུགས་བྱས་ཀྱང༌། ཁོང་མི་སྣ་གཉིས་པོ་ད་ལན་གྲོལ་བྱ་ཅི་ཞུས་ཀྱང་ཡོང་བ་མེད། དེ་བས་བཀའ་དང་བླངས་མཛད་ན་ཐུགས་དགྱེས་པ་ཞིག་ཡོང་གསུངས། དེ་ལྟར་ཡིན་ཀྱང་གནས་ཚུལ་འདི་སྙན་དུ་ཐེངས་པ་ཞིག་དགོས་པ་འདུག །རང་གི་ལོ་བདུན་ཅུ་ལོན། ལོ་དེ་ཙམ་ལོན་ནས་མཁན་པོར་བསྐོས་པ་སྔར་ཡང་མེད། ཁྱད་པར་ལུས་པོ་འདི་བབ་ཐེག་ཡེ་མེད་པ་ནས་གནས་ཚུལ་འདི་སྙན་དུ་ཐེངས་ན་དགོངས་གྲོལ་མི་ཡོང་ཁ་མེད་ཡིན་བྱས་ཀྱང་ཁོང་