R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༨༩
[A:༥༨༩]གཉིས་མ་གསན་པར་དབྱར་ཆོས་སྟེང་དུ་ཕྱིན། དབྱར་ཐོག་འདི་དགག་དགོས་སྟབས་ནས་དབུ་མཛད་ལེགས་པ་འདུག་གསུང༌། སྔ་སོའི་དབུ་མཛད་རྣམས་ལས་གདན་རྣམས་ཀྱང་ཤིན་ཏུ་མཐོ་བ་ལེགས་པའི་ཆ་མང་དུ་བསྒྲིགས་ནས་བསྐོ་གཞག་གནང༌། སྔར་ཕན་དབུ་མཛད་ཙམ་ལ་ཁྱུད་མེད་ཀྱང་ཆོས་སྡེའི་ཆེ་བགྲེས་སློབ་དཔོན་ལས་འཛིན་དང་བཅས་པ་ཐམས་ཅད་ཀྱིས་ཕྱག་འབུལ་མཛད། རྩེ་ནས་ཕྱག་ཕྱི་དྲུང་འཁོར་དྲག་ཞན་ཐམས་ཅད་ཀྱིས་ཀྱང་ཕྱག་འབུལ་མཛད་ཀྱིན་འདུག །དབྱར་ཆོས་དེ་ལ་མང་ཇ་ནས་འབོ་འགྱེད་སོགས་བསྙེན་བཀུར། ཆོས་རིགས་ལུང་སོགས་ཤིན་ཏུ་འཕེལ་བ་ཕྱིའི་གྲ་སྐོར་བ་ཆེར་མ་བྱུང་ཡང༌། ནང་ནས་བཤད་པ་སོགས་ཀྱང་འཕེལ་བ། ས་ཕྱོགས་ཀུན་ཏུ་ས་གཙང་བ་སོགས་ལེགས་ཚོགས་ཤིན་ཏུ་ཆེ་བ་བྱུང༌། ལྷ་པདྨ་ཌཱ་ཀིའི་མཚན་རྟགས་ཅན། །བཀའ་འཁོར་ལོ་སྒྱུར་བའི་དཔལ་མོ་ཡིས། །སྙན་གྲགས་དཀར་ཆོས་སྡེ་ཆེན་པོ་ཡི། །དབུ་གཙུག་ཏོར་མཛེས་པའི་རྒྱན་དུ་བཀོད། །ཤར་ལམ་ཡ་ག་ཆོས་སྡིངས་ལ་ཕྱིན། །དགེ་འདུན་ལ་མང་ཇ། རྗེ་མཁན་གྱི་དངུལ་གདུང་ལ་སྙན་དར་ཡུག་དཀར་མེ་སོགས་ཕུལ། ཆོས་རྗེ་ཀུན་དཔལ་སོགས་སློབ་དཔོན་མང་པོ་ལ་རྣམ་སྲས་སྒྲོལ་དཀར་སོགས་ཀྱི་རྗེས་གནང་མང་པོ་བྱས་ཞག་འགའ་བསྡད། རྗེ་འཇམ་དབྱངས་བླ་མའི་མཁྱེན་བརྩེའི་ཐུགས། །ནུབ་བདེ་ལྡན་ཞིང་དུ་གཤེགས་པའི་གནས། །གདུང་རིངས་བསྲེལ་ཕུང་པོ་བཞུགས་པའི་རྟེན། །ཁང་རིམ་བརྩེགས་དངུལ་གྱི་མཆོད་རྟེན་མཇལ། །ལམ་ཟབ་མོའི་