[A:༦༠༡]ངོམས་པར་ཤོག །གནས་སྐབས་ལོ་འདབ་གསར་འཁྲུངས་རྟེན་འབྲེལ་འདིས། །ཚེ་དང་བསོད་ནམས་འཁོར་འབངས་དཔལ་འབྱོར་འཕེལ། །བླ་མ་ལྷར་བཅས་དཀར་ཕྱོགས་སྲུང་མ་ཡིས། །འབྲལ་མེད་བསྲུང་སྐྱོབ་དར་བའི་བཀྲ་ཤིས་ཤོག །ཅེས་སྦྱར་བ་ཡིན་ནོ། །དེ་ནས་གཟིམས་ཆུང་དེའི་མིང་ལ་ལམ་ཟབ་ཕུག་ཅེས་གྲགས། སྟེང་མ་མི་དབང་དགྲ་འདུལ་དོན་གྲུབ་ཀྱི་གཟིམས་ཆུང་ཡིན་ལ་དེའི་མིང་ནི་རིགས་གནས་ཡང་རྩེ་ཞེས་གྲགས། ཁོ་བོ་ཅག་གིས་ནི་དགའ་ལྡན་གྱི་ལྷ་བུ་དམ་པ་ཏོག་དཀར་གྱི་གཟིམས་ཁང་ལ་རྒྱལ་མཚན་མཐོན་པོ་ཞེས་བཏགས་འདུག །དེའི་རིགས་འགྲེས་དིང་སང་ཕྱོགས་ཀུན་ན་རྒྱལ་མཚན་མཐོན་པོའི་མིང་བཏགས་པ་མང་པོ་འདུག་དེ་བས་ན་རིག་གནས་ཡང་རྩེ་མཛེས་པའི་རྒྱལ་མཚན་སྙན་པའི་བ་དན་ཀུན་ཏུ་གཡོ་བ་ཞེས་པ་ཞིག་ཀྱང་ཐོབ་སྙམ་མོ། །དེ་གསུམ་ག་ལ་ཤིང་རྩི་སྐྱང་ནུལ་སོགས་འཆི་མེད་ཀྱི་སྐྱེད་ཚལ་ལ་འགྲན་བཟོད་པ་ཡོད། དབྱར་དུས་རྩི་ཤིང་མེ་ཏོག་འབར་བ་ལ། །ཁྲེལ་བཞིན་དགུན་དུས་གྲང་རེག་གོས་གྱོན་པའི། །ལོ་འདབ་གསར་འཁྲུངས་སྔོ་ལྗང་བུ་མོའི་འཛུམ། །ཤོར་བའི་མོད་ལ་སོས་ཀའི་དཔལ་རྣམས་བཞད། །ཆོས་བཞིན་ས་སྐྱོང་དགྱེས་པའི་འོད་འབུམ་དང༌། །ལྷན་ཅིག་འགྲོ་ལ་ཕན་བདེའི་ཉིན་བྱེད་ཤར། །རྒྱུ་འབྲས་དུས་མཉམ་འདི་འདྲ་ངོ་མཚར་ནས། །དགའ་བའི་བྲོ་འཁྲབ་གླུ་དབྱངས་དེ་ནས་དར། དཔེའི་རབ་བརྟགས་རྒྱུ་རྒྱན། མི་དབང་ཆེན་པོའི་བསོད་ནམས་མཐུ་ཡིན་ཞེས། །ལྷ་རྣམས་སྨྲས་