[A:༦༠༢]ཀྱང་རྨོངས་པས་མ་གོ་ནས། །དུས་མིན་འདབ་གསར་སྔོ་ལྗང་བན་བུན་གྱི། །བརྡ་འདི་ནམ་མཁའི་དབྱིངས་ནས་སྨྲ་དང་མཚུངས་ ཕྲ་མོ་རྒྱན་ནོ། །བརྒྱ་ཕྱིན་ཕོ་བྲང་སྤོ་ལ་གདན་ཆགས་པའི། །མི་དབང་ལྷུན་པོའི་ཟིལ་དངར་འདི་མཐོང་ཚེ། །འཆི་མེད་ལྷ་དབང་གནས་འདིར་བཞུགས་སོ་སྙམ། །ཉེ་དབང་འཁོར་རྣམས་ས་འདིར་ལྷག་པར་ངེས་ རབ་རྟགས་གསལ་བྱེད། །མདོ་རྒྱུད་མན་ངག་སྙིང་པོ་བསྡུས་པའི་ཆོས། ། ལམ་ཟབ་སྐྱོང་བ་རྡོ་རྗེ་སྙིང་པོར་མཚུངས། །སྙན་གྲགས་པད་མཚོར་ངང་མོ་འདུ་བ་བཞིན། །ལམ་ཟབ་ཕུག་གིས་རྫིང་བུར་བསྐྲད་ཀྱང་འཁོར་རང་བཞིན་རྒྱན། །ཕྱི་ནང་རིག་གནས་སྒྲོག་པའི་སྐྱེད་མོས་ཚལ། །དབྱངས་ཅན་དྲི་ཟའི་རྒྱུད་མངས་ཀྱིས་བོས་བཞིན། །རིག་གནས་ཡང་རྩེར་མཁས་པའི་ལེགས་བཤད་གཏམ། །རྒྱུན་མི་འཆད་ལ་ངོ་མཚར་སུ་མི་བྱེད། རབ་བརྟགས་རྒྱན། །དབུས་གཙང་ཕྱོགས་འདིར་རྣམ་པར་རྒྱལ་བའི་སྲིད། །དཔའ་བོ་སྟག་ལྟར་རྔམ་པས་རྩ་ཞིང་རྒོད། །ཁུ་དབོན་ཡབ་ཡུམ་སྲས་འབངས་འཁོར་དང་བཅས། །རྡོ་རྗེའི་ཚེ་བརྟན་ཆབ་སྲིད་དར་རྒྱས་ཤོག །ཤིས་བརྗོད་རྒྱན། །ས་འཛིན་ཡངས་པའི་སྐྱེད་ཚལ་གཞན་སྤངས་ནས། །ཕྱོགས་འདིའི་ཨུཏྤལ་རྫིང་བུར་མིག་གཏད་པ། །དད་ལྡན་སྦྱིན་པོའི་སྙིང་སྟོབས་དྲི་བསུང་ལ། །ཆགས་པའི་སྤུ་ལོང་ཅི་ཡང་གཡོ་བར་གྱུར། རྣམ་པའི་ཕྲ་མོའི་རྒྱན། ཨེ་མ་ཕྱོགས་འདིའི་སྐྱེད་ཚལ་ལ། །དགའ་བས་མིག་གི་བདུད་རྩི་འཛག །གངས་ཀྱི་རི་སུལ་ལ་རེག་པའི། །མ་ལ་ཡ་ཀླུང་འདིར་འོངས་སམ། ཆའི་རྒྱན་ནོ། །དེ་ནས་སྤྲུལ་ལོ་དབྱར་ཆོས་ལ་ཕྱིན་