R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༦༠༣
[A:༦༠༣]ཕྱི་ནང་གྲ་སྐོར་བ་ཡང་ཤིན་ཏུ་མང༌། ཆོས་རིགས་ལུང་སྒྲིགས་རྣམ་གཞག་ས་གཙང་དུས་བདེ་ས་འཇམ་སོགས་ཕུན་སུམ་ཚོགས། ཁྱད་པར་ཆུ་ལྷོ་བྱང་གི་སྒྲུབ་མཆོད་ཆེན་པོའི་ཐད་དུ་བསྙེན་བཀུར་དར་འགྱེད་ནས་འགྱེད་སོགས་དུས་གསུམ་ཁེབས་ཞེས་སྙན་པར་གྲགས། བླ་བྲང་རང་ནས་ཀྱང་གོང་དཀར་སྒྲུབ་མཆོད་ཀྱི་ཐད་དུ་མང་ཇ་ནས་འབོ། ཆེ་བགྲེས་སློབ་དཔོན་ལས་འཛིན་ཕྱིའི་གྲ་སྐོར་བ་དང་བཅས་པ་ལ་བཀྲ་ཤིས་ཁ་བཏགས་ཀྱི་འགྱེད་དང་བཅས་པ་བསྒྲུབས་ཆུ་ལྷོ་བྱང་སྒྲུབ་མཆོད་ཆེན་པོ་འདི། བྱང་ཁྲི་སྐོར་སྒྲུབ་མཆོད་ཡིན་ཞེས་གྲགས། །དེ་མིང་བས་ལྷག་ཙམ་དོན་ལ་ཁེལ། །ཕྱོགས་ཀུན་ཏུ་མཛེས་མའི་རྣ་རྒྱན་འཆང༌། དེ་ནས་གོང་དཀར་དཔོན་སློབ་རྣམས་བཀའ་བགྲོས། ཆོས་སྡེའི་སྒྲུབ་མཆོད་ནི་དཔྱོད་ལྡན་གྱི་ཐུགས་ལ་གསལ་བ་བཞིན་འབད་པས་བསྒྲུབས། ད་ལྷག་ཅུང་ཟད་བྱུང་བ་འདི་ལོག་འཚོར་མ་སོང་ཙམ་དགོས་པ་འདུག་པས། ད་ལོ་དབྱར་སྟོན་འདི་གསུང་ངག་འཆད་པ་ལ་ཕེབས་དགོས་དེའི་ཆ་རྐྱེན་དུ་འབུལ་གསུང་པ་བྱུང་བས། ཁོ་བོ་རང་གིས་ཀྱང་སྔར་ལམ་འབྲས་མང་དུ་བཤད་ཀྱང་ཆུ་བྱང་ཕྱོགས་འདིར་ཆེར་མ་སོང་བ་དང༌། ཁྱད་པར་བྱང་ཕྱོགས་འདི་ཤེས་ལྡན་གཟུར་གནས་དོན་གཉེར་ཅན་ཤིན་ཏུ་མང་བ་དང༌། སྐྱོན་ཡོན་གྱི་རྟོག་དཔྱོད་ཀྱང་ཤིན་ཏུ་ཆུག་པ་ཞིག་འདུག་བསམ། སེམས་སྤྲོ་བ་དང་བཅས་པས་ཁས་བླངས་དེ་གའི་ལུགས་བྱས་ནའང༌། འདར་ནས་ཞལ་ངོ༌། དམངས་སྐྱ་བཙུན་ཀུན་རང་ལ་ཐུགས་དད་རྩེ་གཅིག་པ་ཡིན་པ་དང༌། ཁྱད་པར་ས་སྐྱོང་ཆོས་སྐྱོང་ལྷུན་གྲུབ་ད་ལོ་རྟོག་བཅས་ཤིན་ཏུ་