[A:༦༠༤]ཆེ་བ་ཡོད་པ་དང༌། ཡང་སྒོས་ལོ་སྲི་ཐུ་མོ་ཡོད་པས་དབང་བཀའ་ཡང་ཡང་དགོས་པ་འདུག་ལགས་པས། གསུང་ཆོས་ཉན་འདོད་ཡོད་པ་རྣམས་འདིར་འབོད་པ་གནང་དེ་རྣམས་ལ་གནས་ཁང་གུར་བཅས་ཤིང་བུ་ཆས་མཐུན་རྐྱེན་འདི་རང་ནས་བསྒྲུབས་པས་གསུང་ཆོས་འཆད་ས་ནོར་བུ་གླིང་རང་དུ་གནང་དགོས་གསུང་ནན་ཆགས་པ་དང༌། བདེ་གླིང་ནས་ཀྱང་དེ་བཞིན་གསུངས་བྱུང་བ་ནས་སྦྱིན་བདག་སྟོབས་ལྡན་གྱི་དད་པ་སུན་དབྱུང་ཡང་མ་བདེ། ཁོང་དགེ་འདུན་གྱི་བཀའ་ཡང་བཅག་ཏུ་མེད་པས་བྱེད་དཀའ་སེ་བྱུང་ཡང༌། དགེ་འདུན་ལ་གསེད་བཀྲོལ་བྱས་ཁྱེད་རང་དོན་དུ་གཉེར་བ་དང༌། ལོང་སྐབས་ཡོད་པ་རྣམས་ཚུར་བྱོན་པ་ལེགས་ཚུལ་ཕུལ་བས། ཁོང་རྣམས་ཐུགས་འཕམ་མེ་བ་ལ་བདེ་གྲོལ་བྱས། ནོར་བུ་གླིང་དུ་ལམ་འབྲས་བཙུགས་གྲང་ཆེན་པ་དང༌། ཕུ་ཐུབ་བསྟན་དགེ་འཕེལ་བ། ཕྱོགས་ནས་བྱ་རྒོད་གཤོངས། ཡ་ག་ཆོས་སྡིངས། སྟོད་མངའ་རིས། དགུན་ལྷས་སྐུ་སྐྱེ་དཔོན་སློབ། རྨ་བྱ་ཤུག་ཁྲོད་པ། ཆོས་རྗེ་འཇམ་དཔལ་དགའ་བའི་བཤེས་གཉེན་སོགས་ཆ་ལུང་པ་དུ་མ་སྟེ་དེ་སོགས་ཕྱོགས་ཀུན་ནས་འདུས་པའི་ལམ་འབྲས་པ་བརྒྱ་ཟིན་ཙམ་བྱུང༌། སྣང་གསུམ་གྱི་འཁྲིད། བརྒྱུད་པ་གཉིས་ལྡན་གྱི་སེམས་བསྐྱེད། སློབ་མ་རྗེས་འཛིན། བསྙེན་པ་ཁ་གསོ། ཡབ་ཀྱི་སྨིན་བྱེད་འཁོར་འདས་དབྱེར་མེད་ལྟ་འཁྲིད། རྒྱུ་དབང་ལམ་བྱེད་ཡུམ་གྱི་དབང་བཀའ། ཕྱི་བསྐྱེད་རིམ་འཁྲིད། ལམ་དུས་དབང་ནང་བསྐྱེད་རིམ། ཡུམ་གྱི་བྱིན་རླབས་བརྒྱུད་པ་མ་ཉམས་པ། ཁྱབ་བྱེད་རླུང་དང་ཁྱབ་བྱ་གཏུམ་མོ་སྟེ་འདུས་པ་དང་པོའི་འཁྲིད། ཕོ་ཉའི་ལམ་སྟེ་