[A:༦༠༥]འདུས་པ་བར་པའི་འཁྲིད། རྡོ་རྗེ་རྦ་རླབས་ཏེ་འདུས་པ་ཐ་མའི་འཁྲིད། རིང་བརྒྱུད་ཀྱི་འཁྲིད་ཕལ་མོ་ཆེ་རྫོགས་ནས་འདུལ་ལགས་ཀྱང་ཕེབས་སྔར་མ་གསན་བའི་ཉེ་བརྒྱུད་ལམ་སྦས་བཤད་ཀྱི་བྱིན་རླབས་དང་འཁྲིད། ཕྲ་མོ་བརྒྱད་དང་གྲུབ་ཆེན་བཅུ་ཕོ་བྲང་སྦས་བཤད་སོགས་དང༌། ལམ་འབྲས་ཤིན་ཏུ་ཉེ་བརྒྱུད་བརྡ་དོན་གསལ་བའི་བྱིན་རླབས། དམིགས་པ་རྒྱས་འབྲིང་བསྡུས་གསུམ་གྱི་འཁྲིད། ཞར་བྱུང་གི་འཁྲིད་བཞི་སོགས་དང༌། དེ་དག་གི་སྐབས་སུ་ལམ་ཟབ་ཕྱི་ནང་གསང་གསུམ། ཚར་གསུམ་ཁུག་པ་བླ་མ་རིན་འབྱུང༌། བིར་སྲུང་རྣམ་གཉིས་རྣམ་འཇོམས་བིར་ལུགས། གཱ་ཡའི་མགོན་རྐྱང༌། བརྡ་ཆིག་བརྒྱུད། སྒྲུབ་པ་ལུང་སྦྱིན། ལུང་སྦྱིན་ནས་གསང་བ་བཅུའི་རྒྱས་བཏབ། འཁྲིད་ཀྱི་སྐབས་སུ་དབང་བཞི་དང་འབྲེལ་བའི་བསྐྱེད་རིམ་སོགས་ཀྱི་འཁྲིད་བཞི། ལམ་བཞི་དང་འབྲེལ་བའི་ཉམས་བཞི་ལ་ཕྱག་ཆེན་ངོ་སྤྲད་ནས་སྐྱོང་བའི་འཁྲིད་བཞི། དེ་སྤྱོད་པས་བོགས་དབྱུང་བའི་འཁྲིད་བཞི། དེ་བོགས་དབྱུང་བ་ལས་གྲུབ་མཐའ་བཞི་སྙོགས་ཚུལ། གྲུབ་མཐའ་མ་སྙོགས་ན་དབང་བཞི་དང་སྦྲེལ་བའི་འདའ་ཀ་མ་འཕོ་བའི་འཁྲིད་བཞི་འཕོ་བ་མ་ཐེབས་ན་དབང་བཞི་དང་འབྲེལ་བའི་བར་དོ་སྦྱོང་བྱེད་ཀྱི་འཁྲིད་བཞི། ལམ་གྱི་ཚོད་འཛིན་རྨི་ལམ་དང་སྒྱུ་ལུས་ཀྱི་འཁྲིད་བཞི། དེ་ལྟར་བྱས་པས་འགྲོས་བཞི་ཐིམ་ནས་སྐུ་བཞི་མངོན་དུ་བྱེད་པའི་ཚུལ་རྣམས་ཁོ་བོ་ཅག་གི་ལམ་འབྲས་འདི་ལ་བཞུགས་པས་ཚང་འགྲིག་བྱེད་པ་འདིའི་ལུགས་ཡིན་པས་སྐལ་བཟང་ཡིད་ཚིམ་པར་གྱིས་ལ་སྙིང་དབུས་པདྨར་གཅེས་པར་