R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༦༠༦
[A:༦༠༦]མཛོད་ཅིག །དེའི་ཚེ་གསུང་ངག་པ་རྣམས་ལ་མང་ཇ། བསྙེན་བཀུར་བསམ་གྱིས་མི་ཁྱབ། ཁྱད་པར་ཞབས་དྲུང་ཆེན་མོས་མང་ཇ། ཕྱོགས་པ་རྣམས་ལ་ཕོགས་ཞིབ་ཁལ་ཕྱེད་གསུམ་མ། ལྔ་དབར་ཤ་ཁོག་པ་རེ། ཁྱེ་འདྲེན་ལགས་ཀྱི་ཚོགས་པ་ལ་མང་ཇ་ཉིས་སྦྲེལ། ནས་འབོ་འགྱེད་གཉིས། ཞབས་དྲུང་སྐུ་མཆེད་ཀྱི་ཚོགས་པ་ལ་མང་ཇ་ནས་འབོ་བཞི་འབོ། ཡུམ་དྲུང་གིས་མང་ཇ་གླུམ་དཀར་འཁུར་སྟོན་དང་བཅས་པ་ཕྱོགས་པ་རྣམས་ལ་འཇམ་ཚ་བྲེ་རེ། དཔོན་ས་དབང་ལྡན་ལགས། ཆོས་ལགས་རྣམ་གཉིས་ཀྱིས་མང་ཇ་རེ། བདེ་གླིང་ནས་མང་ཇ་གསུམ། ནས་འབོ། ཞིབ་འབོ། གོ་ར། ལེགས། འཁུར་འགྱེད་སོགས། སྐྱིད་གཤོངས་པས་མང་ཇ། རུ་སྤེ་ནས་མང་ཇ། རྨུ་བས་མང་ཇ། ཞིབ་འབོ། ཁབ་གོང་པས་ཞིབ་འབོ། ཆོས་འཛད་མར་མེས་མང་ཇ། མངའ་རིས་རྗེ་དྲུང་གིས་མང་ཇ། མངའ་རིས་སློབ་དཔོན་པའི་མང་ཇ། ཆོས་རྗེ་བྱམས་ཆོས་པས་མང་ཇ། དགུན་ལྷས་སྐུ་སྐྱེ་བས་མང་ཇ། གདན་ནོན། བླ་བྲང་ནས་མང་ཇ་གསུམ། ཕུ་བགྲེས་པས་མང་ཇ། གྲང་ཆེན་བགྲེས་པས་མང་ཇ་ཟུང་སྦྲེལ། ཚོགས་འཁོར་ཤིན་ཏུ་བཟང་བ། རྡོ་རྗེའི་གླུ་དང་གར་ལ་སོགས་པ་ལྷ་མཆོད་པ་དང་མི་རྣམས་དགའ་བ་བསྐྱེད་པའི་སྤྲོས་པ་སྣ་ཚོགས་པ་ཡང་བྱས། གནས་སློབ་བཤད་ནོར་བུའི་གླིང་མཆོག་འདིར། ཁོང་དད་ལྡན་སྦྱིན་བདག་ཕུལ་དུ་ཕྱིན། །ཆོས་རྒྱུད་དང་མན་ངག་བསྟན་པ་དར། །ཕྱོགས་དགེ་ཞིང་ཤེས་པའི་ངོ་མཚར་སྤེལ། །སྦྲུལ་ལོ་སངས་རྒྱས་ཀྱི་འཕེལ་གདུང་མཐེ་བོང་ཙམ་ཞིག་ཡུམ་བྱང་སེམས་ཨ་མཛེས་དྲུང་གིས་